མཚོ་ནུབ་ཁུལ་གྱིས་ཧུར་ཐག་སྒོས་སློབ་གྲྭའི་རྒྱལ་སྲུང་སློབ་གསོ་དམ་འཛིན་བྱས་ནས་ཕན་འབྲས་མངོན་གསལ་བླངས།
2020.10.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཉེ་བའི་ལོ་འགའི་རིང་།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས་དང་སློབ་གསོ་པུའུ་ཡི་གནས་བབ་གསར་པའི་འོག་ཏུ་སློབ་གྲྭའི་རྒྱལ་སྲུང་སློབ་གསོའི་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། གནས་བབ་གསར་པའི་འོག་ཏུ་སློབ་གྲྭའི་རྒྱལ་སྲུང་སློབ་གསོ་དང་སློབ་མའི་དམག་སྦྱོང་ལས་དོན་ལ་ཤུགས་སྣོན་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སློབ་གྲྭའི་རྒྱལ་སྲུང་སློབ་གསོ་དང་སློབ་མའི་དམག་སྦྱོང་ལས་དོན་དེ་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

མཚོ་ནུབ་ཁུལ་ཡོངས་ཀྱི་ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་གིས་རྒྱལ་སྲུང་སློབ་གསོ་དེ་སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བཞག་ནས་དམ་འཛིན་ལྷོད་མེད་བྱས་ཤིང་།  རྒྱལ་སྲུང་སློབ་གསོའི་ལས་དོན་འགོ་ཁྲིད་ཚན་ཆུང་བཙུགས་ཏེ།  བྱ་བའི་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་པ་དང་།  བྱ་བའི་མཐུན་སྦྱོར་ལ་ཤུགས་བསྣན་པར་མ་ཟད། བྱ་བར་བཀོད་སྒྲིག་ལེགས་པོ་བྱེད་པ་དང་འགྲོ་གྲོན་ལ་འགན་སྲུང་བྱེད་པ། རྩ་འཛུགས་ལ་ལས་སྟེགས་ཡོད་པ། དྲིལ་སྒྲོག་ལ་ནང་དོན་ལྡན་པ་བཅས་བྱས་ཤིང་། ཧུར་ཐག་སྒོས་སློབ་གཙོས་དངོས་སུ་འཛིན་པ་དང་འགན་གཉེར་སློབ་གཙོས་ཞིབ་ཕྲའི་བྱ་བ་དམ་འཛིན་བྱེད་པ། རྒྱ་ཆེའི་དགེ་སློབ་རྣམས་མཉམ་དུ་དེར་ཞུགས་པའི་བྱ་བའི་རྣམ་པ་བཟང་བོ་ཆགས་པར་བྱས།  སློབ་གསོའི་གཡུལ་ས་སྣ་ཚོགས་ལ་བརྟེན་པ་དང་། རྣམ་པ་དང་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་སྒོས་བཀོལ་སྤྱོད་བྱས་ཏེ་ཕྱོགས་ཡོངས་དང་ཟུར་མང་པོ་ནས་རྒྱལ་སྲུང་སློབ་གསོ་སྤེལ།  ཚོགས་པའི་ཚོགས་འདུར་བརྟེན་པ་དང་སློབ་གྲྭའི་དྲ་བ་དང་ནག་པང་ཚགས་པར་སོགས་སྨྱན་བྱེད་སོགས་ལ་བརྟེན་ནས་རྒྱལ་སྲུང་དམག་དོན་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་བརྒྱུད་སྤྲོད་བྱས།  དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོ་དང་གཉིས་བཀུར་དྲིལ་སྒྲོག་ཟླ་བ་སོགས་ཀྱི་གོ་སྐབས་བེད་སྤྱད་དེ།  རྣམ་པ་མང་པོའི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ་ནས་དགེ་སློབ་རྣམས་ཀྱི་རྒྱལ་སྲུང་སློབ་གསོའི་ཐད་ཀྱི་ངོས་ཟིན་མཐོར་འདེགས་སུ་བཏང་།

ལོ་ཙཱ་བ། བཀྲ་ཤིས་འབུམ།