ཞོན་ཧྭ་རྫོང་ཀ་རིང་ཡུལ་ཚོས་ཞིང་ཆེན་ཡོངས་ཀྱི་ཐོག་མའི་སྡེ་བའི་ཐུན་མོང་དཔལ་འབྱོར་དབུལ་སྐྱོར་སྣུམ་སྣོན་ས་ཚིགས་ཀྱི་ལས་གཉེར་མཛད་སྒོ་སྤེལ།
2020.10.30 ཁུངས། ཀློག་གྲངས། 458

ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར།   ཞོན་ཧྭ་རྫོང་ཀ་རིང་ཡུལ་ཚོས་ཞིང་ཆེན་ཡོངས་ཀྱི་ཐོག་མའི་སྡེ་བའི་ཐུན་མོང་དཔལ་འབྱོར་ཀ་རིང་དབུལ་སྐྱོར་སྣུམ་སྣོན་ས་ཚིགས་ཀྱི་ལས་གཉེར་མཛད་སྒོ་སྤེལ་བ་དང་།  དེས་ཀ་རིང་ཡུལ་ཚོའི་དབུལ་སྐྱོར་སྣུམ་སྣོན་ས་ཚིགས་དངོས་སུ་ལས་གཉེར་བྱེད་འགོ་བརྩམས་ཏེ་ཡུལ་ཚོ་ཡོངས་ཀྱི་ཞིང་ལས་དང་ཞིང་སྡེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་རྒྱས་སུ་བཅུག་པ་མཚོན་ཡོད།

ཀ་རིང་དབུལ་སྐྱོར་སྣུམ་སྣོན་ས་ཚིགས་ནི་ཀ་རིང་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་ཧུར་ཐག་གིས་འཚོལ་ཞིབ་གསར་སྐྲུན་བྱས་པའི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ལྡན་དུ་གཏོང་བའི་བྱེད་ཐབས་ཡིན་པ་དང་།  སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་དངོས་ཤུགས་ཇེ་དྲག་ཏུ་གཏོང་རྒྱུ་དམིགས་འབེན་དུ་བྱས་ཡོད་ལ།  ཡུལ་བབ་དང་བསྟུན་པ་དང་དམངས་ཕན་དམངས་བདེའི་རྩ་དོན་གཞིར་བཟུང་ནས།   ཡུལ་ཚོ་ཡོངས་ཀྱི་དབུལ་ཕོངས་མིན་པའི་སྡེ་བ་དྲུག་གི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སྟོབས་ལྡན་དུ་གཏོང་བའི་མ་དངུལ་ལེགས་སྒྲིག་བྱས་ཏེ་ཀྲུང་གོ་རྡོ་སྣུམ་གྱིས་འགན་ལེན་ཚོང་གཉེར་བྱེད་པ་དང་།   ལོ་རེར་སྡེ་བ་དྲུག་གི་ཐུན་མོང་གི་ཡོང་སྒོ་སྒོར་འབུམ་བཞི་དང་ཁྲི་བརྒྱད་འཕར་བར་སྐུལ་ཁྲིད་བྱེད་ཐུབ་པ་དང་།  སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་དངོས་ཤུགས་མངོན་གསལ་གྱིས་ཇེ་དྲག་ཏུ་གཏོང་ཐུབ།     ལས་གཉེར་མཛད་སྒོ་སྤེལ་བ་དེས་ཀ་རིང་ཡུལ་ཚོར་སྣུམ་སྣོན་ས་ཚིགས་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་མཚོན་ཡོད། 

  དབུལ་སྐྱོར་སྣུམ་སྣོན་ས་ཚིགས་ཀྱིས་ད་རུང་སྣུམ་སྣོན་སྟབས་བདེའི་ཚོང་ཁང་བེད་སྤྱད་དེ་ཀ་རིང་ཡུལ་ཚོའི་ཞིང་ཐོན་ཁྱད་ལྡན་དངོས་རྫས་ལ་རིན་མེད་ཕྱིར་འཚོང་སྟེགས་བུ་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་།  ཀྲུང་གོའི་རྡོ་སྣུམ་གྱི་དགེ་མཚན་སྤྱད་ནས་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་རོགས་འདེགས་དང་། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་རེད།