ཁུ་ནུ་འཆད་སྟེགས་ཐེངས་བཅུ་གཅིག་པ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས།
2020.11.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་ལས་བྱེད་པའི་དྲ་རྒྱ་སློབ་གླིང་། མཚོ་སྔོན་ཞིང་ཆེན་ཆེད་མཁས་པ་དང་ཤེས་ལྡན་མི་སྣའི་མཉམ་འབྲེལ་ཚོགས་པས་འགན་ཁུར་ནས་བསྒྲུབས་པའི2020ལོའི་ཁུ་ནུ་འཆད་སྟེགས་ཐེངས་བཅུ་གཅིག་པ་དང་མཚོ་སྔོན་ཞིང་ཆེན་ཆེད་མཁས་པ་དང་ཤེས་ལྡན་མི་སྣ་མཉམ་འབྲེལ་ཚོགས་པའི་མུ་འབྲེལ་ཆེད་དོན་འཆད་ཁྲིད་ཟླ་བཅུ་བའི་ཚེས་ཉེར་བདུན་ཉིན་མཚོ་སྔོན་མི་རིགས་སློབ་ཆེན་ནས་བསྡུས།

ཐེངས་འདིའི་ཁུ་ནུ་འཆད་སྟེགས་ཐད་ནས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་མཱ་ཁྲིན་ཅུན་གྱིས་ཁ་བྱང་ལ་རྨ་ཆུའི་རིག་གནས་དང་རྨ་ཙོང་རིག་གནས་ཀྱི་ཆེད་དོན་ཟུར་ཁྲིད་བྱས། འཆད་ཁྲིད་ཀྱིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་འཐབ་ཇུས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་བཞུར་རྒྱུད་འཕེལ་རྒྱས་སུ་གཏོང་བའི་རྣམ་བཤད་གལ་ཆེན་དང་རྨ་ཆུའི་རིག་གནས་ཀྱི་ཀྲུང་ཧྭ་རིག་གནས་ཁྲོད་ཀྱི་གོ་གནས་གལ་ཆེན་དང་རྨ་ཙོང་རིག་གནས་ཀྱི་ཁུལ་ཁོངས་འཕེལ་རྒྱས་ཁྲོད་ཀྱི་དོན་སྙིང་གལ་ཆེན། རྨ་ཙོང་རིག་གནས་དང་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་སོགས་ནང་དོན་ལ་དམིགས་ནས་སྤེལ་བ་དང་། ནང་དོན་ཕུན་སུམ་ཚོགས། ཚོགས་ཞུགས་ཁོངས་མིས། ཐེངས་འདིའི་འཆད་ཁྲིད་ཀྱིས་ཚང་མས་རྨ་ཆུའི་རིག་གནས་ཀྱི་ཀྲུང་ཧྭ་རིག་གནས་ཀྱི་འགོ་ཁུངས་དང་འཕེལ་རྒྱས་ཁྲོད་ཀྱི་སྲོག་ཤིང་གོ་གནས་དང་ནུས་པར་རྒྱུས་ལོན་བྱེད་པར་སྣེ་ཁྲིད་བྱས་པ་མ་ཟད། རྨ་ཆུའི་སྟོད་རྒྱུད་ཀྱི་ཁུལ་ཁོངས་རང་བཞིན་གྱི་མཚོ་སྔོན་རང་སའི་རྨ་ཙོང་རིག་གནས་ཀྱི་འགུག་ཤུགས་ལ་མྱོང་ཚོར་བྱས་ལ། རྨ་ཙོང་རིག་གནས་ལ་ཞིབ་འཇུག་དང་དང་སྔོག་འདོན། བེད་སྤྱོད་བྱེད་པ་དེས་ཁུལ་ཁོངས་རང་བཞིན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས། རིག་གནས་འཛུགས་སྐྲུན། ཐ་ན་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་གསལ་བོ་བྱེད་ཐུབ་པ་བྱུང་བ་དང་། ཕན་ཆེན་པོ་འདོགས་ཐུབ་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་རིགས་ཚོགས་པ་སོ་སོ། ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་གྲྭ ཞིང་ཆེན་ཁོངས་གཏོགས་ཁེ་ལས། ཟི་ལིང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་བཅས་བསྡོམས་པས་མི་སུམ་བརྒྱ་ལྷག་འཆད་ཁྲིད་ལ་ཞུགས།

ལོ་ཙཱ་བ། རིན་ཆེན་མཚོ།