རང་ཞིང་གི་ཁེ་ལས་བཅུ་གསུམ་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་ཚོགས་སྐབས་གསུམ་པར་ཞུགས་རྒྱུ་རེད།
2020.11.02 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 21

གསར་འགོད་པས་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མི་འགྱང་བར་བསྡུ་རྒྱུ་ཡིན་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་ཚོགས་སྐབས་གསུམ་པའི་སྟེང་། རང་ཞིང་གི་སྒྲིག་ཆས་བཟོ་སྐྲུན་དང་རྫས་འགྱུར་བཟོ་ལས་གཙོར་བྱས་པའི་བཟོ་ལས་ཁེ་ལས་བཅུ་གསུམ་འགྲེམ་ཚོགས་ལ་ཞུགས་རྒྱུ་རེད།

ཐེངས་འདིའི་སྲིད་གཞུང་དང་ཉོ་སྒྲུབ་ཚོང་བའི་འཐུས་ཚབ་ཚོགས་པ་འགྲེམ་ཚོགས་ལ་ཞུགས་པའི་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་ཆེད། རང་ཞིང་གིས་ཉོ་ཚོང་དང་སློབ་གསོ། ཚན་རྩལ། བཟོ་ལས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཞིང་ཕྱུགས། འཕྲོད་བསྟེན་བཅས་ཉོ་ཚོང་ཡན་ལག་ཚོགས་པ་བདུན་བཙུགས་ནས་ཐེངས་འདིའི་ནང་འདྲེན་འགྲེམ་ཚོགས་ལ་ཞུགས་རྒྱུ་རེད།

དེའི་ཁྲོད་བཟོ་ལས་ཡན་ལག་ཚོགས་པ་མཚོ་སྔོན་དམངས་ཕན་ཐུམ་སྒྲིལ་ཁོར་ཡུག་སྲུང་སྐྱོབ་ཚན་རྩལ་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཞུས་མེ་ཟས་རིགས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཞན་ཧོང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་ཟི། མཚོ་སྔོན་ཧྲི་ཏན་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཏཱ་མེ་སོལ་ལས་མ་རྐང་ཚད་ཡོད་ཀུང་ཟི། མཚོ་སྔོན་ཀྲུང་ལིས་ཉི་འོད་ནུས་པའི་ལག་རྩལ་ཚད་ཡོད་ཀུང་ཟི། མཚོ་སྔོན་ཞིང་ཆེན་གཙང་གསུམ་སྡེ་ཚོགས་ཚད་ཡོད་འགན་འཁྲི་ཀུང་ཟི་སོགས་གསར་སྣོན་ཁེ་ལས་བཅུ་གཅིག་ཐེངས་འདིའི་འགྲེམ་ཚོགས་ལ་ཞུགས་རྒྱུ་རེད། ལོ་ལྔའི་འཆར་གཞི་བཅུ་བཞི་བ་མཇུག་བསྡུ་བའི་ལོར་ཐོན་པ་དང་། རང་ཞིང་གི་བཟོ་ལས་དཔལ་འབྱོར་བརྟན་བརླིང་ངང་འཕར་སྣོན་བྱུང་བ་དང་། བཟོ་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་གོམ་སྟབས་མངོན་གསལ་སྒོས་ཇེ་མགྱོགས་སུ་སོང་ལ། ཐོན་ལས་གྲུབ་ཚུལ་རྒྱུན་མ་ཆད་པར་ལེགས་བསྒྱུར་བྱས་པ་དང་། བཟོ་ལས་ཚུལ་བསྒྱུར་རིམ་སྤོར་གྱི་གོམ་སྟབས་ཇེ་མགྱོགས་སུ་སོང་ལ། ལྗང་མདོག་ཐོན་ལས་དར་སྤེལ་བཏང་བ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་རྒྱུན་མ་ཆད་པར་བསྒྱུར་ལ། བཟོ་ལས་ཁེ་ལས་ནང་འདྲེན་གཞི་ཁྱོན་ཉིན་རེ་བཞིན་རྒྱ་བསྐྱེད།

ལོ་ཙཱ་བ། རིན་ཆེན་མཚོ།