སྟོན་གྱི་མཇུག་དང་དགུན་གྱི་འགོ་འདིར་དུས་བྱ་སུམ་ཁྲི་ལྷག་རྨ་ཆུའི་བརླན་ས་རུ་འཛོམས་ཡོད།
2020.11.06 ཁུངས། ཀློག་གྲངས། 100

ཉེ་ལམ།   རང་རྫོང་དུ་ཡོད་པའི་ཀན་སུའུ་ཡི་རྨ་ཆུའི་རྨ་ཁུགས་དང་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ།  དུས་བྱ་སུམ་ཁྲི་ལྷག་ཕྱོགས་འདུས་ཀྱི་མགྲོན་པོ་བཞིན་འཛོམས་ཏེ།སྙན་པའི་སྐད་སྒྲ་སྒྲོག་ཅིང་བདེ་མོའི་གཤོག་འགྱུར་ངོམ།

 རང་རྫོང་ནི་མཚོ་བོད་མཐོ་སྒང་གི་ཤར་རྒྱུད་ཀྱི་མཐའ་མཚམས་ཏེ་ཀན་མཚོ་ཁྲོན་གསུམ་གྱི་སུམ་མདོར་ཆགས་ཡོད་ཅིང་།  རྨ་ཆུའི་བཞུར་རྒྱུན་སྟོད་མའི་ཆུ་ནུས་གསབ་ཁུངས་དང་སྐྱེ་ཁམས་བེད་ནུས་ཁུལ་ཡིན་ལ།  འཛམ་གླིང་གི་ཆེས་ཆེ་ཞིང་ཆེས་མཛེས་པའི་བརླན་སའི་རྩྭ་ཐང་ཡིན་ལ། རྨ་ཆུའི་རྩྭ་ཐང་དུ་མ་ཡུམ་ཆུ་བོའི་སྤྱི་ལེ༤༣༣ཡི་བཞུར་རྒྱུན་ཡོད་པ་མ་ཟད།  བཞུར་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཆིག་ཁྲི་ཆིག་བརྒྱ་དགུ་བཅུ་ཡོད་ཅིང་།  ཆུའི་བཞུར་རྒྱུན་གསབ་ཚད་སྨི་རྒྱ་དཔངས་དུང་ཕྱུར་བརྒྱ་དང་བརྒྱད་ཚེག་གཅིག་ཡིན་ལ། ཀན་སུའུ་ཞིང་ཆེན་གྱི་རྨ་ཆུའི་བཞུར་རྒྱུན་གྱི་རྒྱ་ཁྱོན་ལས་བརྒྱ་ཆའི་ལྔ་དགུ་ཟིན་སོགས་ཟིན་ཡོད་པས།  འཛམ་གླིང་བརླན་སའི་རྩྭ་འཛུགས་ཀྱིས་ཀྲུང་ཧྭའི་ཆུ་གཏེར་དང་ས་ཡི་གོ་ལའི་མཁལ་མ་ཞེས་བཏགས་ཤིང་། རྨ་ཆུའི་ཆུ་མཛོད་ཅེས་པའི་སྙན་གྲགས་ཀྱི་དར་བོ་ཆེ་ཕྱོགས་བཅུར་ཕྱར་ཡོད་ལ།  གནས་འདི་ན་མུ་ནས་མུ་རུ་འབྲེལ་བའི་བརླན་ས་ས་མུའུ་ས་ཡ་ལྔ་ལྷག་ཡོད་པ་འདི་ནི་དེང་གི་མ་བཅོས་ལྷུན་ཀྱིས་གྲུབ་ཅིང་།  རང་བྱུང་གཉུག་མའི་རང་བཞིན་རྗེན་པར་དོད་པའི་མཛེས་ལྗོངས་ཡིན་པ་མ་ཟད། རྩ་ཆེའི་འདབ་ཆགས་ཁྲུང་ཁྲུང་སྐེ་ནག་སོགས་ཀྱི་བག་ལྷོད་ངལ་གསོའི་གནས་མལ་འབའ་ཞིག་ཏུ་གྲུབ་ཡོད། 

 ཉེ་བའི་ལོ་སྐོར་འདི་དག་གི་རིང་ལ།  རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཤིས་ཅེན་ཕེན་གྱི་དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དང་།   སྔོ་ལྗང་གི་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ།  རྩྭ་ས་འགན་ལེན་དང་རྩྭ་སའི་ཇུས་འགོད།  རྩྭ་ཐང་ཁ་གསབ་སོགས་ཀྱི་ལམ་ལུགས་སྲིད་ཇུས་འཐུས་ཚང་དུ་བཏང་ཞིང་།  ཕྱུགས་འགོག་རྩྭ་གཉོར་དང་བྱེ་ས་བདག་སྐྱོང་།  ཨ་བྲའི་གནོད་འགོག  ཆུ་རགས་རྩིག་བཟོའི་ལས་གཞི་སོགས་གཅིག་མ་ཆད་གཉིས་མ་ལུས་པར་བསྒྲུབས་ཏེ།  རྨ་ཁུགས་དང་པོའི་རྩྭ་ས་ཆེན་མོ་འདི་མགོ་ནག་མིའི་རིགས་བསྡད་ན་ཡིད་དགའ་ས་དང་འདབ་ཆགས་བྱ་རིགས་བབས་ན་སོས་དལ་ས་ཞིག་ཏུ་གྱུར་ཡོད་ལ།  བཞད་ནག་དང་ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འདབ་ཆགས་ཁྲི་མ་འབུམ་སྐྱེ་འཕེལ་འབྱུང་སའི་བསྟི་གནས་གལ་ཆེན་ཞིག་གྱུར་ཡོད། ཀན་སུའུ་ཞིང་ཆེན་རྨ་ཆུའི་རྨ་ཁུགས་དང་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱི་སྨད་མའི་སྲུང་སྐྱོབ་ས་ཚིགས་ཀྱི་བྱ་བྱེད་མི་སྣ་བང་ཅྭ་ཡང་གིས་ད་ལོའི་ཟླ་བཅུ་བའི་ཟླ་དཀྱིལ་དུ་ང་ཚོའི་ཉིན་རེའི་སྐོར་ཞིབ་བྱེད་སྒང་དུ་རྨ་ཁུགས་རྟ་ར་དང་སྨད་མའི་ཁྲོ་ཁོའི་ན་གཞུང་བཅས་སུ་དུས་བྱ་སུམ་ཁྲི་ལྷག་འདུས་ཡོད་པ་མཐོང་ཞིང་། དེ་དག་ལས་མང་ཆེ་བ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་བྱ་རིགས་བཞད་ནག་དང་ཁྲུང་ཁྲུང་སྐེ་ནག་ཡིན་ལ།  དེ་མིན་ཁྲུང་ཁྲུང་མགོ་ཁྲ་དང་ངང་ངུར་རིགས་ཀྱི་ངང་སེར་སོགས་ཡོད་མང་པོ་འདུས་ཡོད་ལ། དེ་ནི་བརླན་ས་སྲུང་སྐྱོང་བྱས་པའི་གྲུབ་འབྲས་དང་བདེན་རྟགས་བསྙོན་མེད་ཡིན་ཞེས་བཤད།  


མ་ཡིག། ཡང་ཕེན། བློ་གྲོས་བཟོད་པ།

ཡིག་བསྒྱུར། འཇིགས་བྱེད་སྐྱབས།