ཉིས་སྟོང་ཉི་ཤུ་ལོའི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྒན་གསོའི་མ་དངུལ་ཚད་གཞི་ལེགས་སྒྲིག་དང་ཁ་གསབ་ཚང་མ་ཡོངས་འགྲུབ་བྱས།
2020.11.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

ཉེ་ཆར།ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་འབྱོར་བའི་གནས་ཚུལ་ལྟར་ན།  ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ལས་ཁུངས་ཞེ་ལྔ་ཡིས་ཉིས་སྟོང་ཉི་ཤུ་ལོའི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་མ་དངུལ་ལེགས་སྒྲིག་དང་ཁ་གསབ་སྟེར་བའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ཡོངས་འགྲུབ་བྱས་ནས། ཁྱོན་བསྡོམས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྒན་གསོའི་འགན་བཅོལ་མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་བཞི་ལྷག་ཁ་གསབ་བྱས།

ད་ཐེངས་ཀྱི་ལེགས་སྒྲིག་ནི་རང་རེའི་ཞིང་ཆེན་གྱིས་ཉིས་སྟོང་བཅུ་གཉིས་ལོ་ནས་བཟུང་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་སྤྱོད་དབང་ཡོད་མཁན་ལ་རྨང་གཞིའི་རྒན་གསོའི་མ་དངུལ་ལེགས་སྒྲིག་བྱེད་ཐེངས་བརྒྱད་པ་རེད། ལེགས་སྒྲིག་བྱས་རྗེས། རང་རེའི་ཞིང་ཆེན་གྱི་ལོ་དྲུག་ཅུ་ནས་རེ་བཞིའི་བར་དང་། ལོ་རེ་ལྔ་ནས་རེ་དགུའི་བར། ལོ་བདུན་ཅུའི་ཡན་གྱི་འགན་བཅོལ་ནང་ཞུགས་མཁན་གྱི་གཞི་རྩའི་རྒན་གསོའི་མ་དངུལ་ཚད་གཞི་ནི་སོ་སོར་མི་རེར་ཟླ་རེར་སྒོར་བརྒྱ་དང་བརྒྱད་ཅུ་དང་སྒོར་བརྒྱ་དང་གྱ་ལྔ། སྒོར་བརྒྱ་དང་དགུ་བཅུ་བཅས་ཡིན་ལ། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་རྨང་གཞིའི་རྒན་གསོའི་མ་དངུལ་གྱི་ཚད་གཞི་དམའ་ཤོས་སྒོར་གོ་གསུམ་ལས་སོ་སོར་སྒོར་གྱ་བདུན་དང་སྒོར་གོ་གཉིས། སྒོར་གོ་བདུན་བཅས་ཀྱིས་མཐོ་བའི་ཚད་བསྐྲུན་ནས། རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།