ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་སྤུས་ཚད་མཐོན་པོས་ལོ་ཧྲིལ་བོའི་དཔྱད་ཞིབ་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་སྐུལ་འདེད་གཏོང་ཆེད། ཉེ་ལམ། ཞིང་ཆེན་དཔྱད་ཞིབ་གཞུང་སྒྲུབ་ཁང་གིས2020ལོའི་དུས་ཚིགས་སྔོན་མ་གསུམ་གྱི་གྲོང་ཁྱེར་དང་ཁུལ་སོ་སོ། ཞིང་ཆེན་ཐད་གཏོགས་སྡེ་ཁག་སྐོར་ཞིག་དང་བཟོ་ལས་ར་བའི་ཁུལ་དང་རྫོང་གི་དཔྱད་ཞིབ་དམིགས་ཚད་གཙོ་བོ་ཡོངས་འགྲུབ་བྱས་པའི་གནས་ཚུལ་ཐད་ཀྱི་བརྡ་ཁྱབ་པར་སྐྲུན་འགྲེམ་སྤེལ་བྱས་ནས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་འཕྲེད་གཞུང་ཞིབ་སྡུར་བརྒྱུད་དེ་གནད་དོན་འཚོལ་བ་དང་། རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། བྱ་བའི་ཞན་ཆ་ཁ་གསབ་བྱེད་པ། ལོ་ཧྲིལ་བོའི་དཔྱད་ཞིབ་དམིགས་འབེན་ལ་དམ་དུ་དམིགས་ནས། འགན་འཁྲི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ་དང་དམིགས་ཚད་སྣ་ཚོགས་སྤེལ་ཚད་ཇེ་མགྱོགས་སུ་བཏང་སྟེ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་དུས་བཀག་ལྟར་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།
བརྡ་ཁྱབ་ནང་བསྟན་དོན། ད་ལོའི་ཚུན་དུ། པྲོག་གསར་གློ་ཚད་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཐད་བཟོས་པའི་གནོད་པར་ཁ་གཏད་དེ། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་བཏང་ལ། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་རྨང་གཞི་རྒྱུན་འཁྱོངས་བྱས་པ་དང་། གཏན་འཇགས་དྲུག་གི་བྱ་བ་བརྟན་བརླིང་ངང་སྤེལ་ལ། འགན་སྲུང་དྲུག་གི་ལས་འགན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་བྱས་པ་མ་ཟད། དཔེ་སྟོན་ཞིང་ཆེན་ལྔ་མྱུར་དུ་འཛུགས་སྐྲུན་བྱས་པ་དང་། དཔལ་འབྱོར་རྣམ་པ་བཞི་སྐྱེད་སྲིང་བྱས་ལ། བྱེད་ཐབས་སྣ་ཚོགས་རྒྱུན་མཐུད་ངང་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། དུས་ཚིགས་སྔོན་མ་གསུམ་ལ། དམིགས་ཚད་སྣ་ཚོགས་ཡོངས་འགྲུབ་བྱེད་ཚད་སྔོན་དཔག་ལས་བཟང་བ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤྱི་ཁོག་ནས་གཏན་འཇགས་ཡིན་པ་དང་། དམངས་ཚིས་ལེགས་ཤིང་སྤུས་ཚད་བཟང་ལ། དཔལ་འབྱོར་དམིགས་ཚད་གཙོ་བོ་རྒྱུན་མཐུད་ངང་འཕར་སྣོན་བྱུང་ན་ཡང་། ས་ཁུལ་དང་སྡེ་ཁག་ཁ་ཤས་ཀྱི་དཔྱད་ཞིབ་དམིགས་འབེན་ལས་འགན་ད་དུང་སྔོན་དཔག་གི་ཚད་དུ་སླེབས་མེད་ལ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པའི་ཐད་ད་དུང་རྒྱུན་མཐུད་ངང་ཤུགས་འདོན་དགོས་ཞེས་བསྟན་ཡོད།
བརྡ་ཁྱབ་ནང་། དུས་ཚིགས་བཞི་བ་ནི་ལོ་ཧྲིལ་བོའི་དམིགས་འབེན་ཡོངས་འགྲུབ་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བསྡུ་བའི་གནད་འགག་དུས་སྐབས་ཡིན་ལ། དུས་ཚོད་བྲེལ་མྱུར་ཆེ་ཞིང་ལས་འགན་ཧ་ཅང་ལྕི་བ་དང་། འགྲན་རྩོད་མང་བས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བྱེད་ཐབས་བརྒྱ་དང་བརྒྱད་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། གཏན་འཇགས་དྲུག་དང་འགན་སྲུང་དྲུག་རྒྱུན་མཐུད་ངང་དམ་འཛིན་བྱེད་པ། འཁོར་རྒྱུག་ཟུང་གི་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱེད་པ། དགུན་དུས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དམ་འཛིན་བྱེད་པའི་རྨང་གཞིའི་སྟེང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དམིགས་འབེན་ལ་དམ་དུ་དམིགས་པ། གཏན་ཤུགས་རྒྱུན་འཁྱོངས་བྱེད་པ། གནས་བབ་སྲ་བརྟན་གཏོང་བ། བྱ་བའི་རྩིས་ཐོ་གསལ་བོ་འཛུགས་པ། དུས་ཚོད་རེའུ་མིག་དང་ལམ་ཐིག་པར་རིས་གཏན་ཁེལ་གསལ་བོ་བྱེད་པ། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། ལག་བསྟར་དམ་འཛིན་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་བརྩོན་སེམས་ཆེར་སྐྱེད་པ། བྱེད་ཐབས་ཇེ་ལེགས་སུ་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པ་དང་། ཧུར་ཐག་གིས་དུས་ཚིགས་བཞི་བར་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།
ལོ་ཙཱ་བ། རིན་ཆེན་མཚོ།