རང་ཞིང་གིས་འབྲི་ཆུའི་བཞུར་རྒྱུད་ས་ཁུལ་གྱི་ཉ་འཛིན་བཀག་འགོག་བྱེད་པའི་ཉིན་བརྒྱའི་མཁྲེགས་གཏོར་འགུལ་སྐྱོད་སྤེལ།
2020.11.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

གསར་འགོད་པས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་འགྲེམ་སྤེལ་བྱས་པའི་འབྲི་ཆུའི་བཞུར་རྒྱུད་ས་ཁུལ་མཚོ་སྔོན་བར་མཚམས་ཀྱི་ཉ་འཛིན་བཀག་འགོག་ཉིན་བརྒྱའི་མཁྲེགས་གཏོར་འགུལ་སྐྱོད་ཇུས་གཞི་དང་མཚོ་སྔོན་པོའི་མཚོ་འགོག་ཉ་གསོ་མཉམ་འབྲེལ་ཁྲིམས་འཛིན་ཉིན་བརྒྱའི་མཁྲེགས་གཏོར་འགུལ་སྐྱོད་ཇུས་གཞི་ལྟར། རང་ཞིང་གིས2020ལོའི་ཟླ་བཅུ་བའི་ཟླ་སྨད་ནས2021ལོའི་འབྲི་ཆུའི་ཉ་འཛིན་བཀག་འགོག་ཉིན་བརྒྱའི་མཁྲེགས་གཏོར་འགུལ་སྐྱོད་སྤེལ།

འབྲི་ཆུའི་ཉ་འཛིན་བཀག་འགོག་ཉིན་བརྒྱའི་མཁྲེགས་གཏོར་འགུལ་སྐྱོད་བརྒྱུད་དེ། འབྲི་ཆུའི་བཞུར་རྒྱུད་ཀྱི་ཁུལ་དང་གྲོང་ཁྱེར། རྫོང་སོ་སོའི་འབྲི་ཆུའི་ཉ་འཛིན་བཀག་འགོག་བྱ་བའི་རྐྱེན་སྲོལ་འཛུགས་པ་དང་། རིམ་པ་བཞིན་ཉིན་རྒྱུན་སྐོར་ཞིབ་དང་མཉམ་འབྲེལ་ཁྲིམས་འཛིན། བྱ་དགའ་ཞུ་གཏུག་སོགས་རྐྱེན་སྲོལ་འཛུགས་པ། འབྲི་ཆུའི་ཉ་འཛིན་བཀག་འགོག་བྱ་བ་ས་གནས་སྲིད་གཞུང་གི་གྲུབ་འབྲས་དང་ཆུ་དང་མཚོ་དཔོན་ལམ་ལུགས་དཔྱད་ཞིབ་མ་ལག་ཁྲོད་བཞག་ནས། ཉ་འཛིན་བཀག་འགོག་སྲིད་ཇུས་འབྲི་ཆུའི་བཞུར་རྒྱུད་ཀྱི་མང་ཚོགས་ཁྲོད་དྲིལ་སྒྲོག་རྒྱ་ཆེར་བྱེད་པ་དང་། འབྲི་ཆུའི་བཞུར་རྒྱུད་མཚོ་སྔོན་བར་མཚམས་ཀྱི་ཉ་འཛིན་བཀག་འགོག་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་རྒྱུ་རེད། ཐེངས་འདིའི་འགུལ་སྐྱོད་ཁྱབ་ཁོངས་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དང་གདང་ལ་རི་བོའི་གྲོང་རྡལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར། རྫ་སྟོད་རྫོང་དང་ཁྲི་འདུ་རྫོང་། འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་དང་པད་མ་རྫོང་། གཅིག་སྒྲིལ་རྫོང་བཅས་ལ་ཁྱབ་ཡོད།

ཐེངས་འདིའི་འགུལ་སྐྱོད་ཐད་ནས་ད་དུང་མི་ཉོ་བ་དང་མི་འཚོང་བ། འབྲི་ཆུའི་ཉ་མི་ཟ་བ་དང་། མང་ཚོགས་ཀྱིས་རང་རྟོགས་སྒོས་འབྲི་ཆུའི་ཉ་འཛིན་པར་བཀག་འགོག་བྱེད་པར་སྣེ་ཁྲིད་བྱེད་རྒྱུའི་འབོད་སྐུལ་བཏང་།

ལོ་ཙཱ་བ། རིན་ཆེན་མཚོ།