མཚོ་སྔོན་ཞིང་ཆེན་གྱི2020ལོའི་ལས་རྨས་ཉེན་སྲུང་དངུལ་ལེགས་སྒྲིག་བྱས་ནས་མར་བྱིན།
2020.11.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་ལས་རྨས་ཉེན་སྲུང་གི་འབྲེལ་ཡོད་མ་དངུལ་ལེགས་སྒྲིག་བྱེད་པའི་སྐོར་གྱི་བརྡ་སྦྱོར་པར་སྐྲུན་འགྲེམ་སྤེལ་བྱས་རྗེས། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མྱུར་དུ་རིམ་པ་སོ་སོའི་སྤྱི་ཚོགས་འགན་སྲུང་ལས་ཁུངས་རྩ་འཛུགས་བྱས་ནས་རྨས་མའི་ཁ་གསབ་དང་ཟླ་ལྟར་ལས་ཀའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མིའི་གཟིགས་སྐྱོང་དངུལ་ལེན་པའི་ཚད་གཞི་ལེགས་སྒྲིག་བྱས། ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་བར་དུ། རང་ཞིང་གི2020ལོའི་ལས་རྨས་ཉེན་སྲུང་དངུལ་ལེགས་སྒྲིག་བྱས་པ་མ་ཟད་དུས་ཐོག་ཏུ་ཚད་ལོངས་པའི་སྒོ་ནས་མར་བྱིན།

ཐེངས་འདིའི་ལེགས་སྒྲིག་གིས་ཞིང་ཆེན་ཡོངས་ཀྱི་ལས་རྨས་ཉེན་སྲུང་རྨས་སྐྱོན་ཁ་གསབ་དང་ཁྱིམ་མིའི་གཟིགས་སྐྱོང་ལོངས་སྤྱོད་བྱེད་བཞིན་པའི་མི་སྟོང་གཉིས་བརྒྱ་དང་བརྒྱད་ཅུ་ལ་ཕན་བཏགས་པ་དང་། བསྡོམས་པས་སྒོར་ས་ཡ་བདུན་དང་འབུམ་གཉིས་ཁྲི་གཅིག་སྟོང་དྲུག་དྲུག་བརྒྱ་མར་བྱིན། དེའི་ཁྲོད། ཟླ་དང་པོ་ནས་ཟླ་དགུ་བའི་བར་གྱི་ལེགས་སྒྲིག་དངུལ་སྒོར་ས་ཡ་གཉིས་འབུམ་ལྔ་སྟོང་གཉིས་བྱིན་པ་དང་། ཟླ་བཅུ་བར་ལེགས་སྒྲིག་བྱས་རྗེས་སྒོར་ས་ཡ་བཞི་དང་འབུམ་བདུན་ཁྲི་གཅིག་སྟོང་བཞི་དྲུག་བརྒྱ་མར་བྱིན། ལེགས་སྒྲིག་བྱས་རྗེས། རྨས་མའི་ཁ་གསབ་ཆ་སྙོམས་མི་རེའི་ཟླ་རེའི་ཚད་གཞི་དེ་སྒོར་སྟོང་གསུམ་དང་བཞི་བརྒྱ་གོ་དྲུག་ལྷག་ནས་སྟོང་གསུམ་དང་བདུན་བརྒྱ་གོ་དྲུག་ལྷག་ལ་ཇེ་མཐོར་བཏང་བ་དང་། ལས་ཀའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མིའི་ཁྱིམ་མིའི་ཆ་སྙོམས་ཟླ་རེའི་་གཉོར་གསོའི་ཚད་གཞི་དེ་སྒོར་སྟོང་གཅིག་དང་ལྔ་བརྒྱ་དང་བཞི་ལྷག་ནས་སྟོང་གཅིག་དང་དྲུག་བརྒྱ་བཅུ་གཅིག་ལྷག་ལ་ཇེ་མཐོར་བཏང་།

ལོ་ཙཱ་བ། རིན་ཆེན་མཚོ།