མཚོ་སྔོན་ཞིང་ཆེན་དབུལ་ཐར་མཁྲེགས་གཏོར་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས། སྐབས་འདིའི་བགྲོ་གླེང་འཛིན་གྲྭ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡིས་འགན་ཁུར་ནས་བསྒྲུབས། ཏང་ཨུ་དང་ཡང་ན་ཞིང་ཆེན་སྲིད་གཞུང་གི་ཆེད་བསྐོས་འགན་ཁུར་བློ་མཐུན་བཞི་བཅུ་བགྲོ་གླེང་འཛིན་གྲྭར་ཞུགས། བགྲོ་གླེང་འཛིན་གྲྭའི་དུས་ཡུན་ཉིན་བཅོ་ལྔ་ཡིན་ལ། ཉིན་གསུམ་རིང་གི་ཞིང་ཆེན་ནང་ཁུལ་གྱི་གསོ་སྦྱོང་གྲོལ་རྗེས། སློབ་མ་ཡོངས་རྫོགས་ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ཅི་ནན་ཡན་ཧྲན་སློབ་ཁུལ་ལ་སོང་ནས་ཉིན་བཅུ་གཉིས་རིང་ལ་གསོ་སྦྱོང་བྱེད་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་བགྲོ་གླེང་འཛིན་གྲྭས་གཞུང་ལུགས་ཀྱིས་གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་གཏོང་བ་དང་། སློབ་མའི་བྱང་ཚད་དང་ནུས་པ་མཐོར་འདེགས་གཏོང་རྒྱུ་དམིགས་འབེན་དུ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་ཆེད། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བྱ་བའི་ཉམས་མྱོང་སྤྱི་སྡོམ་དང་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་སྤེལ་གཉིས་སྦྲེལ་མཐུད་བྱེད་རྒྱུ་དམིགས་ཡུལ་དུ་བྱས་ཡོད། བགྲོ་གླེང་འཛིན་གྲྭས་སློབ་གྲྭའི་ནང་གི་གསོ་སྦྱོང་དང་སློབ་གྲྭ་ཕྱི་ཡི་གསོ་སྦྱོང་གཉིས་ཟུང་འབྲེལ་བྱེད་པ་དང་། གཅིག་བསྡུས་སྒོས་སློབ་སྦྱོང་བྱེད་པ་དང་རང་སྦྱོང་གཉིས་ཟུང་འབྲེལ་བྱེད་པ། ཕྱོགས་བསྡུས་སྒོས་བརྗེ་རེས་དང་ཡུལ་དངོས་སློབ་ཁྲིད། གྲུབ་ཚུལ་ཅན་གྱི་བགྲོ་གླེང་སོགས་སློབ་ཁྲིད་བྱེད་ཐབས་སྣ་མང་བཀོལ་སྤྱོད་བྱས་ཡོད་ལ། རང་སྦྱོང་དང་ཟུར་ཁྲིད། བགྲོ་གླེང་། བརྗེ་རེས་བརྒྱུད་དེ། སློབ་ཁྲིད་ཐད་ནས་འཕེལ་རྒྱས་སུ་གཏོང་བ་མངོན་འགྱུར་བྱས། སློབ་མ་ཚོས་ཐེངས་འདིའི་སློབ་སྦྱོང་གི་གོ་སྐབས་དམ་འཛིན་བྱས་ནས། སློབ་སྦྱོང་གི་དམིགས་འབེན་གཏན་ཁེལ་གསལ་བོ་བྱེད་པ་དང་། སློབ་སྦྱོང་དང་བསམ་གཞིགས་གཏོང་བ་གཉིས་ཟུང་འབྲེལ་བཟང་བོ་བྱེད་པ། ཚན་རིག་གི་རྣམ་འགྱུར་བཟུང་ནས་གནད་དོན་ལ་དབྱེ་ཞིབ་བྱེད་པ་དང་གནད་དོན་ཐག་གཅོད་པ། བྱ་བའི་བསམ་ཕྱོགས་འཚོལ་ཞིབ་བྱས་ཏེ། རང་སྟེང་གི་བྱང་ཚད་དང་བྱ་བའི་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་རྒྱུ་ཡིན་པའི་ཚུལ་བསྟན།
ལོ་ཙཱ་བ། རིན་ཆེན་མཚོ།