དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། ཧུར་ཐག་གིས་དབུལ་ཐར་མཁྲེགས་གཏོར་གྱི་སྤུས་ཚད་མཐོར་འདེགས་གཏོང་བ། དབུལ་ཐར་མི་གྲངས་ཕྱིར་དབུལ་བོར་འགྱུར་བ་དང་དབུལ་ཕོངས་གསར་བ་འབྱུང་བའི་སྣང་ཚུལ་འགོག་ཆེད། རང་ཞིང་གིས་ཟླ་བཅུ་གཅིག་པའི་ཟླ་སྟོད་དུ་དབུལ་ཐར་མཁྲེགས་གཏོར་གྱི་ཉིན་དྲུག་ཅུ་ལ་སྡུག་རུས་བྱས་ཏེ། མཇུག་བཟང་བོ་བསྡུ་བའི་འགུལ་སྐྱོད་སྤེལ་ནས། ལོ་མཇུག་སྔོན་གྱི་དུས་ཚོད་དམ་འཛིན་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དམིགས་འབེན་རེ་བ་ལ་དམིགས་ནས། ལག་བསྟར་དམ་འཛིན་དང་དག་ཐེར་ལེགས་བཅོས་ལ་སྐུལ་འདེད་གཏོང་བ། ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པ། སྤུས་ཚད་མཐོར་འདེགས་གཏོང་བ། ཤུགས་ཆེན་པོ་བཏོན་ནས། དུས་བཀག་ལྟར་ལོ་ཧྲིལ་བོའི་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས།
འགུལ་སྐྱོད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་ཐར་མཁྲེགས་གཏོར་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། འགན་འཁྲིའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ལོ་མཇུག་སྔོན་གྱི་དུས་ཚོད་དམ་འཛིན་བྱེད་པ། ཁྱོན་ཡོངས་ནས་མཇུག་བསྡུ་བར་དམིགས་པ། དབུལ་ཐར་སྲ་བརྟན་དུ་གཏོང་བར་ཤུགས་སྣོན་པ། ཡུན་རིང་གི་སྦྲེལ་མཐུད་ལ་དོ་སྣང་བྱེད་པ། བསམ་བློ་མི་ལྷོད་པ་དང་ཚད་གཞི་ཇེ་དམའ་རུ་མི་གཏོང་བ། མཆོང་རྒྱུག་ཤུགས་འདོན་བྱེད་པ། དཀའ་སྤྱད་དངོས་གཉེར་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་ཁྱོན་ཡོངས་ཀྱི་རྒྱལ་ཁ་བརྩོན་ལེན་བྱས་ཏེ། རང་ཞིང་གི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ཤུགས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས།
འགུལ་སྐྱོད་ཟླ་བཅུ་གཅིག་པའི་ཟླ་སྟོད་ནས་འགོ་བརྩམས་པ་དང་། ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་མཇུག་བསྒྲིལ་རྒྱུ་ཡིན་ལ། འགུལ་སྐྱོད་དེ་སྐུལ་སློང་བཀོད་སྒྲིག་དང་བྱ་བ་སྤེལ་བ། སྤྱི་སྡོམ་ཉམས་མྱོང་བཅས་དུས་རིམ་གསུམ་དུ་བགོས་ཡོད། འགུལ་སྐྱོད་སྤེལ་བའི་ཚུན་དུ། རང་ཞིང་གི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བྱ་བ་ལག་བསྟར་ལ་དོ་སྣང་བྱས་པ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་ལ། དུས་ཚོད་གཏན་ཁེལ་གསལ་བོ་བྱས་པ་དང་། ཆ་རྐྱེན་མི་གླེང་བ་དང་བྱ་བའི་ལག་བསྟར་དམ་འཛིན་བྱས་ནས། བྱ་བའི་ཚད་གཞི་མཐོན་པོས་་དབུལ་ཐར་གྱི་མཇུག་བསྡུ་བའི་སྤུས་ཚད་མཐོན་པོ་མངོན་འགྱུར་བྱས། སྡེ་ཁག་བར་གྱི་མཉམ་ལས་ཤུགས་སྣོན་པ་དང་། གོང་འོག་མཉམ་འབྲེལ་དང་གཡས་གཡོན་མཉམ་ལས་བྱེད་པ་དང་མཉམ་ཤུགས་གྲུབ་པར་བྱས་ཏེ། བྱ་བ་སྣ་ཚོགས་ཀྱི་ལས་འགན་ལག་བསྟར་བཟང་བོ་བྱེད་པར་ཁག་ཐེག་བྱས། ཉེན་ཁ་ཐག་གཅོད་དང་བཀག་འགོག་བྱས་པ་དང་། དབུལ་སྐྱོར་ཁྱབ་ཁོངས་སུ་གནས་པའི་ཉེན་ཁ་གལ་ཆེན་དང་ཉམས་ཞན་སར་ཁྱོན་ཡོངས་ནས་རྟོག་སེལ་བྱས་ཏེ། ཉེན་ཁའི་སྔོན་བརྡ་དང་ཉེན་ཁའི་དོ་དམ་ཚོད་འཛིན་སོགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་།
ལོ་ཙཱ་བ། རིན་ཆེན་མཚོ།