མཚོ་སྔོན་ཞིང་ཆེན་གྱིས་གཙག་དྲུབ་སྡེ་བ་དང་གྲོང་རྡལ་མིང་གྲགས་ཅན་བརྒྱ་དང་སུམ་ཅུ་འཛུགས་སྐྲུན་བྱེད་རྒྱུ་རེད།
2020.11.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

གསར་འགོད་པས་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན་རང་ཞིང་གིས་མཚོ་སྔོན་གྱི་གཙག་དྲུབ་མཐོར་འདེགས་ལོ་གསུམ་འགུལ་སྐྱོད་ཀྱི 2021ལོ་ནས2023ལོའི་འཆར་འགོད་ཕྱིར་བཏོན་ནས། མཚོ་སྔོན་གྱི་གཙག་དྲུབ་སྲུང་སྐྱོབ་རྒྱུན་འཛིན་དང་དར་སྤེལ་བྱ་བའི་དམིགས་འབེན་དང་ལས་འགན་གཙོ་བོ་སོགས་ཕྱོགས་ནས་མཛེས་སྡུག་གི་འཚོ་བ་བསྐྲུན་རྒྱུ་རེད།

མཚོ་སྔོན་གྱི་གཙག་དྲུབ་དེ་རང་ཞིང་གི་ཁྱད་ཆོས་ཐོན་ལས་སུ་གྱུར་བ་དང་། དེ་ནི་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་བུད་མེད་ཀྱིས་ཕུལ་བྱུང་སྲོལ་རྒྱུན་མི་རིགས་རིག་གནས་དར་སྤེལ་གཏོང་བ་དང་སྲུང་སྐྱོབ་བྱེད་པ་དང་ཡོང་འཕར་ཕྱུག་བསྒྱུར་གྱི་ལག་རྩལ་གཙོ་བོ་ཡིན། འགུལ་སྐྱོད་འཆར་འགོད་ལྟར། 2023ལོའི་བར་དུ། ཞིང་ཆེན་ཡོངས་ཀྱི་མཚོ་སྔོན་གཙག་དྲུབ་ཀྱི་སྲུང་སྐྱོབ་རྒྱུན་འཛིན་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། སྲུང་སྐྱོབ་རྒྱུན་འཛིན་གྱི་སྒྲིག་གཞི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། གཙག་དྲུབ་རིགས་ཀྱི་གཟུགས་འདས་ཤུལ་བཞག་སྲུང་སྐྱོབ་མིང་ཐོའི་མ་ལག་སྔར་ལས་ཆ་ཚང་བ། ཇུས་འགོད་ཞིབ་སྤེལ་སྟོབས་ཤུགས་རྒྱུན་མ་ཆད་པར་ཇེ་ཆེར་གཏོང་བ་བཅས་བྱས་ནས། མཚོ་སྔོན་གྱི་གཙག་དྲུབ་དེ་རིག་གནས་གནས་སྐོར་འཕེལ་རྒྱས་དང་མཉམ་བསྲེས་བྱེད་པའི་ཁྱད་ཆོས་གསར་བ་དང་ལས་རྣམ་གསར་བར་འགྱུར་བར་བྱེད་རྒྱུ་རེད།

མཚོ་སྔོན་གྱི་གཙག་དྲུབ་མཐོར་འདེགས་ལོ་གསུམ་འགུལ་སྐྱོད་འཆར་འགོད་ལྟར་ན། རང་ཞིང་གིས་མཚོ་སྔོན་གྱི་གཙག་དྲུབ་སྲུང་སྐྱོབ་རྒྱུན་འཛིན་གྱི་རྨང་གཞི་དང་ཐོན་ལས་འཕེལ་རྒྱས། ཚོང་རའི་ཉོ་ཚོང་གཞི་ཁྱོན་སོགས་ཕྱོགས་དྲུག་ནས་བྱེད་ཐབས་བཟང་བོ་སྤྱད་དེ། མཚོ་སྔོན་གྱི་གཙག་དྲུབ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད། རང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་གཙག་དྲུབ་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་རིམ་པ་བཞི་བའི་མིང་ཐོའི་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་། གཙག་དྲུབ་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་ལས་གཞི་དང་གཟུགས་འདས་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་ཡིག་ཐོག་སྙན་ཞུ་དང་ཁས་ལེན་གཏན་ཁེལ། དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། མཚོ་སྔོན་གྱི་གཙག་དྲུབ་གཞི་གྲངས་ཅན་གྱི་སྲུང་སྐྱོབ་བྱ་བ་སྤེལ་རྒྱུ་རེད།

མཚོ་སྔོན་གྱི་གཙག་དྲུབ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བཟོ་སྐྲུན་ཁྲོད། ཞིང་ཆེན་ཡོངས་སུ་མཚོ་སྔོན་གྱི་གཙག་དྲུབ་རྒྱུན་འཛིན་རྟེན་གཞི་དང་སྦྱོར་བརྡར་ལྟེ་གནས་བཙུགས་པ་དང་། མཚོ་སྔོན་གྱི་གཙག་དྲུབ་སྡེ་བ་མིང་གྲགས་ཅན་དང་གྲོང་རྡལ་མིང་གྲགས་ཅན་བརྒྱ་དང་སུམ་ཅུ་འཛུགས་རྒྱུ་ཡིན་པ་དང་། མཚོ་སྔོན་གཙག་དྲུབ་ཀྱི་ཁེ་ལས་གཙོ་བོའི་རོགས་སྐྱོར་བཟོ་སྐྲུན་ལག་བསྟར་བྱས་ནས། མཚོ་སྔོན་གྱི་གཙག་དྲུབ་དཔེ་སྟོན་ཁེ་ལས་ཉི་ཤུ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་པ་དང་། དེ་དང་མཉམ་དུ་མཚོ་སྔོན་གྱི་གཙག་དྲུབ་དང་རྟེན་གཞི། རང་འབྲོག་ཁྱིམ་མཉམ་འབྲེལ་གྱི་རྣམ་པ་ཁྱབ་གདལ་དུ་བཏང་སྟེ། ཞིང་ཆེན་རིམ་པའི་གཙག་དྲུབ་ལས་ཞུགས་བཟོ་གྲྭ་བཞི་བཅུ་སྐྱེད་སྲིང་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།