རང་ཞིང་གིས་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྱིས་གྲོང་ཁྱེར་དང་ཁུལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་བཟོ་ལས་ར་བའི་ཁུལ་གྱི2020ལོའི་བྱ་བའི་གྲུབ་འབྲས་ལ་གདེང་འཇོག་བྱེད་པའི་བྱ་བ་སྤེལ།
2021.01.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཕྱོགས་སོ་སོ་ནས་ས་ཆ་སོ་སོ་དང་སྡེ་ཁག་སོ་སོའི་བྱ་བའི་གྲུབ་འབྲས་ལ་གདེང་འཇོག་བྱེད་ཆེད། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་གྲོལ་རྗེས། རང་ཞིང་གིས་རྩ་འཛུགས་བྱས་ནས་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྱིས་གྲོང་ཁྱེར་དང་ཁུལ། ཞིང་ཆེན་ཐད་གཏོགས་ལས་ཁུངས། བཟོ་ལས་ར་བའི་ཁུལ་གྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི2020ལོའི་བྱ་བའི་གྲུབ་འབྲས་ལ་གདེང་འཇོག་བྱས་པ་དང་། དེའི་དམིགས་འབེན་ནི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོའི་བྱ་བའི་གྲུབ་འབྲས་ཐད་ཀྱི་ཁས་ལེན་ཚད་དང་ཡིད་ཚིམ་ཚད་ལ་རྒྱུས་ལོན་གསལ་བོ་བྱེད་རྒྱུ་དེ་ཡིན།

ཐེངས་འདིའི་འགོ་ཁྲིད་ཚན་ཁག་གི་གདེང་འཇོག་བྱེད་ཡུལ་ནི་གྲོང་ཁྱེར་དང་ཁུལ་བརྒྱད་དང་ཞིང་ཆེན་ཐད་གཏོགས་སྡེ་ཁག་དྲུག་ཅུ། བཟོ་ལས་ར་བའི་ཁུལ་གསུམ་བཅས་ཡིན་ལ། གདེང་འཇོག་གི་ནང་དོན་ནི2020ལོའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་པའི་གནས་ཚུལ་དང་བྱ་བའི་གྲུབ་འབྲས་ཡིན་པ་དང་། གདེང་འཇོག་རེའུ་མིག་དེ་ཞིང་ཆེན་ཡོངས་ཀྱི་དམིགས་འབེན་འགན་འཁྲི་གྲུབ་འབྲས་ཞིབ་དཔྱད་ལྟར་ཚན་ཆུང་བགོས་ནས་བཀོད་སྒྲིག་བྱས་པ་མ་ཟད་འོས་འཚམ་གྱིས་ཕུལ་བྱུང་ཚན་ཁག་གི་མིང་ཐོ་གཏན་ཁེལ་བྱས། འགོ་ཁྲིད་ལས་བྱེད་པ་གཙོ་བོའི་གདེང་འཇོག་བྱེད་ཡུལ་ནི་གྲོང་ཁྱེར་དང་ཁུལ་གྱི་ཏང་སྲིད་ཀྱི་སྒྲིག་ལུགས་སུ་ཚུད་པའི་ལས་བྱེད་པ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཉིན་རྒྱུན་གྱི་བྱ་བའི་འགན་ཁུར་བའི་འགན་ཁུར་བློ་མཐུན་གཙོ་བོ་དང་བཟོ་ལས་ར་བའི་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཡིན་པ་དང་། བསྡོམས་པས་འགོ་ཁྲིད་ལས་བྱེད་པ་གཙོ་བོ་དོན་བཞི་དང་འབྲེལ་བ་ཡོད་ལ། གདེང་འཇོག་ནང་དོན་ནི2020ལོའི་ལས་རྐང་འགན་འཁྲི་ལག་བསྟར་དང་བྱ་བའི་གྲུབ་འབྲས། བྱ་བའི་ནུས་པ། བྱ་བ་བསྒྲུབ་པའི་གནས་ཚུལ་སོགས་ཡིན་པ་དང་། གདེང་འཇོག་རེའུ་མིག་ཁྲོད་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་བྱ་བའི་སྲོལ་ཡིག་ནང་གཏན་ཁེལ་བྱས་པའི་སྡུར་ཚད་ལྟར་ཕུལ་བྱུང་འགོ་ཁྲིད་ལས་བྱེད་པའི་མིང་ཐོ་གཏན་འབེབས་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་གདེང་འཇོག་གྲུབ་འབྲས་ལ་ཞིང་ཆེན་དཔྱད་ཞིབ་གཞུང་སྒྲུབ་ཁང་གིས་འགན་ཁུར་ནས་སྤ་སེའི་གྲངས་ཀ་རྩིས་པ་དང་སྤྱི་སྡོམ་བྱས་པ་མ་ཟད། གཏན་ཁེལ་བྱས་པའི་སྡུར་ཚད་ལྟར་རྩིས་བརྒྱབ་རྗེས2020ལོའི་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དམིགས་འབེན་འགན་འཁྲི་དཔྱད་ཞིབ་ཀྱི་སྤྱི་སྐར་ཁྲོད་འཇོག་རྒྱུ་རེད།

ལོ་ཙཱ་བ། རིན་ཆེན་མཚོ།