ཟི་ལིང་དང་ལན་ཀྲིག་གཉིས་ཀྱིས་མང་ཚོགས་ཀྱི་ཚལ་སླེ་ཕུན་སུམ་ཇེ་ཚོགས་སུ་བཏང་།
2021.01.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ལན་ཀྲིག་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་ཞིང་ལས་ཞིང་སྡེ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་། མཉམ་དུ་ལན་ཀྲིག་དང་ཟི་ལིང་གྲོང་ཁྱེར་གཉིས་ཀྱི་ཞིང་ལས་ཞིང་སྡེ་ཁྱབ་ཁོངས་ཀྱི་རིམ་པ་མང་པོ་དང་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད། 2020ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན། ཟི་ལིང་གྲོང་ཁྱེར་ཞིང་ལས་ཞིང་སྡེ་ཅུའུ་དང་ལན་ཀྲིག་གྲོང་ཁྱེར་ཞིང་ལས་ཞིང་སྡེ་ཅུའུ་གཉིས་ཀྱིས་ལན་ཀྲིག་དང་ཟི་ལིང་གྲོང་ཁྱེར་ཚོགས་འཛུགས་སྐྲུན་གྱི་ཞིང་ལས་ཞིང་སྡེའི་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་རྒྱས་སྒྲོམ་གཞི་གྲོས་མཐུན་བཀོད་པ་དང་། གཙོ་བོར་དེང་རངས་ཅན་གྱི་ཞིང་ལས་ར་བའི་ཁུལ་འཛུགས་སྐྲུན་དང་ཞིང་ལས་ཐོན་རྫས་འཁོར་རྒྱུག ཁྱད་ཆོས་ཞིང་ལས་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན། ཞིང་ལས་ཞིང་སྡེ་ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ལ་དམིགས་ནས་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། ཁུལ་ཁོངས་ནང་ཁུལ་གྱི་དེང་རབས་ཅན་གྱི་ཞིང་ལས་ལྗང་མདོག་ཕན་མཐོ་དང་མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།

གྲོས་མཐུན་ལྟར། ཟི་ལིང་དང་ལན་ཀྲིག་གཉིས་ཀྱིས་དེང་རབས་ཅན་གྱི་ཞིང་ལས་ར་བའི་ཁུལ་འཛུགས་སྐྲུན་བྱེད་པ་དང་ཞིང་ཕྱུགས་ཐོན་རྫས་ཉོ་ཚོང་མཉམ་ལས་སྤེལ་བ། ཞིང་ཕྱུགས་ཐོན་རྫས་ཉོ་ཚོང་མཉམ་ལས། ཁྱད་ཆོས་ཞིང་ལས་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན། ཞིང་ལས་ཞིང་སྡེ་ལྗང་མདོག་འཕེལ་རྒྱས་བརྗེ་རེས། ལག་རྩལ་བརྗེ་རེས་དང་ཆ་འཕྲིན་མཉམ་སྤྱོད་བྱེད་པ། ཞིང་ལས་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་ཁུལ་ཁོངས་རང་བཞིན་གྱི་ལས་གཞི་ལ་རྒྱབ་སྐྱོར་བྱེད་པ་བཅས་ཕྱོགས་བརྒྱད་ཐད་ནས་མཉམ་ལས་ལ་ཤུགས་སྣོན་རྒྱུ་རེད།

རྗེས་ཕྱོགས་སུ། ཕྱོགས་གཉིས་ཀྱིས་དུས་རབས་གསར་བའི་ནུབ་རྒྱུད་གསར་སྤེལ་ཆེན་པོ་སྤེལ་བ་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་གོ་སྐབས་སུ་བརྩི་བ་དང་། ཁྱད་ཆོས་དགེ་མཚན་ཐོན་ལས་ལ་དམིགས་ནས། མཉམ་དུ་ཚལ་སླེ་རྟེན་གཞི་དང་ཁྱད་ཆོས་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུ་རེད། དེང་རབས་ཞིང་ལས་ཐོན་ལས་ར་བ་འཛུགས་སྐྲུན་བྱེད་པར་དམིགས་པ་དང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་། ཞིང་ལས་ཐོན་རྫས་ལས་སྣོན་སོགས་ཕྱོགས་ཀྱི་མཉམ་ལས་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། ས་ཆ་གཉིལས་ཀྱི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་གྲོས་ཚོགས་སྟེགས་བུ་རུ་བྱས་ཏེ། ལྟ་ཞིབ་དང་གྲོས་མོལ། སྦྲེལ་མཐུད་ཀྱི་བྱ་འགུལ་སྤེལ་བ་དང་། དགེ་མཚན་སྣེ་ཁྲིད་ཁེ་ལས་དང་ཞིང་བ་ཞོར་ལས་པའི་མཉམ་ལས་ཁང་ལ་རྒྱབ་སྐྱོར་བྱས་ནས། ས་ཁུལ་བརྒལ་བ་དང་ལས་རིགས་བརྒལ་བའི་མཉམ་ལས་སྤེལ་རྒྱུ་རེད། ཆ་འཕྲིན་ཞབས་ཞུ་སྟེགས་བུ་བཙུགས་ཏེ། ཞིང་ལས་ཐོན་རྫས་ཀྱི་རིན་ཐང་དང་ལག་རྩལ་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་བྱེད་རྒྱུ་རེད།

ལོ་ཙཱ་བ། རིན་ཆེན་མཚོ།