ཞིང་ཆེན་ཡོངས་ཀྱི་ཏང་ཀྲི་པུའུ་ཡིས་བརྒྱ་ཆའི་བརྒྱའི་ཚད་གཞིར་བསླེབ་པར་ཡར་སྐུལ་དང་ཏང་བཙུགས་ནས་ལོ་ངོ་བརྒྱ་ལོན་པའི་འཁྲུངས་སྐར་བསུ་ཞེས་པའི་ཏང་འཛུགས་ལ་དཔྱད་ཞིབ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ། 
2021.01.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

རང་ཞིང་གིས་ཉེ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་ཀྲི་པུའུ་ཡིས་བརྒྱ་ཆའི་བརྒྱའི་ཚད་གཞིར་བསླེབ་པར་ཡར་སྐུལ་དང་ཏང་བཙུགས་ནས་ལོ་ངོ་བརྒྱ་ལོན་པའི་འཁྲུངས་སྐར་བསུ་ཞེས་པའི་ཏང་འཛུགས་ལ་དཔྱད་ཞིབ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་བའི་སྐོར་གྱི་ཇུས་གཞི་པར་སྐྲུན་འགྲེམ་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཁྱབ་ཏང་ཀྲི་པུའུ་དང་ཏང་ཀྲི་པུའུ་ལ་ཡོངས་ཁྱབ་ཏུ་དཔྱད་ཞིབ་བྱས་ཤིང་། རྩ་འཛུགས་མ་ལག་གི་འཛུགས་སྐྲུན་དེ་སྔར་ལས་མཐོ་བའི་ཆུ་ཚད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཁྱད་དུ་འཕགས་པའི་གྲུབ་འབྲས་དག་ཏང་བཙུགས་ནས་ལོ་ངོ་བརྒྱ་ལོན་པར་ལེགས་སྐྱེས་སུ་འབུལ་རྒྱུ་ཐག་བཅད། 

བྱ་འགུལ་སྤེལ་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། བསྟུད་མར་ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཞེས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། སྡེ་བ་དང་སྡོད་ཁུལ། ལས་ཁུངས་ལས་དོན་སྡེ་ཁག རྒྱལ་དབང་ཁེ་ལས། མཐོ་རིམ་སློབ་གྲྭ། སློབ་གྲྭ་འབྲིང་ཆུང་། གཞུང་བཙུགས་སྨན་ཁང་། རྩ་འཛུགས་གསར་བ་གཉིས། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་ལས་བཟོ་བ་བཅས་ཁྱབ་ཁོངས་བརྒྱད་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་བརྒྱ་ཆའི་ཚད་ལྟར་དམིགས་ཚད་དཔྱད་ཞིབ་བྱས་ནས། རང་བརྟག་རང་དཔྱད་དང་ཕྱོགས་ཡོངས་དཔྱད་ཞིབ། བསྣོལ་འབྲེལ་དཔྱད་འཇོག དཔེ་འཐེན་དཔྱད་འཇོག སྲ་བརྟན་འཕར་སྣོན་བཅས་བྱེད་ཐབས་རིམ་པ་ལྔ་སྤེལ་ཏེ། ཕྱོགས་ཡོངས་ནས་གཞི་རིམ་ཏང་འཛུགས་བྱ་བའི་གྲུབ་འབྲས་ལ་སྤྱི་བསྡོམས་དང་དཔྱད་འཇོག་བྱེད་པ་དང་། སྔོན་ཐོན་ལ་གཟེངས་བསྟོད་དང་རིམ་འཕར་མཐོར་འདེགས་སྒོས་ཀྲི་པུའུ་གང་ཡིན་ཡང་འཐབ་འཛིང་གི་བཙན་རྫོང་དུ་འགྱུར་བར་འགན་སྲུང་བྱེད་པ་དང་། རྒྱུན་ཆད་མེད་པར་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་ནུས་པ་ཇེ་དྲག་ཏུ་བཏང་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཕྱོགས་ཡོངས་གོང་འཕེལ་དང་ཕྱོགས་ཡོངས་སྲ་བརྟན་ལ་ཡར་སྐུལ་བཏང་ཡོད། 

རང་ཞིང་གིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ལངས་གནས་མཐོར་འདེགས་དང་འགན་འཁྲིའི་གནོན་ཤུགས་ཁྱད་བསལ་བྱས་ཏེ། ཕྱི་ཚུལ་རིང་ལུགས་གཏན་འགོག་དང་གྲུབ་འབྲས་བེད་སྤྱོད་ལ་ཤུགས་སྣོན་བྱས་ཤིང་། གྲོན་དངུལ་འགན་སྲུང་དང་དྲིལ་སྒྲོག་བྱ་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། གླེང་ཕྱོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་ནས་ཏང་བཙུགས་ནས་ལོ་ངོ་བརྒྱ་ལོན་པར་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།