རང་ཞིང་གིས་ཆད་ལ་བཞག་པའི་གླ་ཕོགས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་བླངས་ཏེ་ཞིང་བ་ལས་བཟོ་བ་སྟོང་དགུ་ལྷག་ལ་བྱིན།
2021.01.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ན་ནིང་གི་ཚུན་ལ། རང་ཞིང་གིས་དམིགས་བསལ་དུས་སྐབས་ཀྱི་ངལ་རྩོལ་འབྲེལ་བའི་གནད་དོན་ལ་ཧ་ཅང་མཐོང་ཆེན་བྱས་ཤིང་། ཆད་དངུལ་རྩ་བཅོས་ལ་དམིགས་ཏེ། གཅིག་བསྡུས་དག་ཐེར་ལེགས་སྒྲིག་དང་སྙོམས་སྒྲིག་ཐག་གཅོད་བྱ་བ་མཉམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ལྟ་རྟོག་དཔྱད་ཞིབ་དང་ཞབས་ཞུ་ཁྲིད་སྟོན་མཉམ་དུ་ལག་བསྟར་བྱས་ནས། ངལ་རྩོལ་འབྲེལ་བ་སྔར་ལས་ལེགས་བཅོས་བྱས་པ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་སྐུལ་འདེད་ཀྱི་ནུས་པ་བཏོན། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཅིག་པའི་ཟླ་མཇུག་བར་དུ་ཞིང་ཆེན་ཡོངས་སུ་བསྡོམས་པས་ཞིང་བ་ལས་བཟོ་བའི་གླ་ཕོགས་ཆད་ལ་བཞག་པའི་གྱོད་དོན་བདུན་བརྒྱ་དང་དགུ་དང་ལེན་དང་མཐུན་སྦྱོར་བྱས་པ་དང་། དེ་ཞིང་བ་ལས་བཟོ་བ་སྟོང་དགུ་དང་སུམ་བརྒྱ་ང་གཅིག་ལ་འབྲེལ་བ་ཡོད་ལ། ཆད་ལ་བཞག་པའི་གླ་ཕོགས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་བླངས་ཏེ་ཞིང་བ་ལས་བཟོ་བར་བྱིན།

ལོ་ཙཱ་བ།བཀྲ་ཤིས་འབུམ།