ཟླ་དང་པོའི་ཚེས་བདུན་ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་དབུལ་ཐར་མཁྲེག་གཏོར་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་མུ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་དང་དངུལ་རྩའི་གནད་འཁེལ་དབུལ་སྐྱོར་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འདི་དག་གི་རིང་ལ། དངུལ་རྩ་ལྟ་སྐུལ་དོ་དམ་སྡེ་ཁག་སོ་སོ་དང་ཞིང་ཆེན་ཡོངས་ཀྱི་དངུལ་རྩ་མ་ལག་གིས་འཚོལ་དཔྱོད་ཧུར་ཐག་དང་མཐུན་སྦྱོར་སྐུལ་འདེད་བྱས་ཏེ། དངུལ་རྩས་ཞིང་སྡེ་དང་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཚད་ཇེ་མཐོར་བཏང་བར་མ་ཟད། རོང་འབྲོག་མང་ཚོགས་ཀྱི་དངུལ་རྩ་ཞབས་ཞུའི་ཐོབ་ཚོར་མངོན་སུམ་གྱིས་ཇེ་དྲག་ཏུ་ཕྱིན། ཉིས་སྟོང་ཉི་ཤུ་ལོའི་དུས་ཚིགས་གསུམ་པའི་དུས་མཇུག་ནས་བཟུང་། ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་རོང་འབྲོག་མང་ཚོགས་ལ་ཕན་པའི་དངུལ་རྩ་ཞབས་ཞུའི་གནས་སྟོང་བདུན་དང་བཞི་བརྒྱ་ཉེར་བདུན་བཙུགས་ཡོད་ཅིང་། གྲངས་འབོར་དེ་ནི་ལོ་འགོ་ལས་བརྒྱ་ཆའི་བཅོ་བརྒྱད་དང་གྲངས་ཆུང་བདུན་ལྷག་འཕར་བ་དང་། ཁྱོན་བསྡོམས་ཞབས་ཞུ་ལྟེ་གནས་བདུན་ཅུ་འཛུགས་སྐྲུན་བྱས་ཏེ་ལེགས་འགྲུབ་བྱུང་ཡོད་ལ། ཞབས་ཞུའི་ས་ཚིགས་བརྒྱ་དང་ལྔ་བཅུ་རིམ་སྤོར་སྒྱུར་བཀོད་བྱས་ནས། ཁྱོན་བསྡོམས་མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་ལྔ་བྱེ་བ་དགུ་ས་ཡ་གཅིག་གི་བྱེད་སྒོ་སྤེལ།
ལོ་ཙཱ་བ། བན་དེ་སྐྱབས།