མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་སྔོན་དུ་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དགུ་བྱེ་བ་གསུམ་ས་ཡ་ལྔ་བཏང་ནས་གནོད་འགོག་གནོད་སྐྱོབ་དང་དཔྱིད་ཀའི་རྨོ་འདེབས་བྱ་བར་རྒྱབ་སྐྱོར་བྱས།
2021.01.25 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 69

ད་ལོའི་གནོད་འགོག་གནོད་སྐྱོབ་དང་དཔྱིད་ཀའི་རྨོ་འདེབས་བྱ་བ་བཟང་བོར་བསྒྲུབ་པར་རྒྱབ་སྐྱོར་བྱས་ནས། ཞིང་ལས་ཐོན་སྐྱེད་ཐད་ནས་དུས་ཚོད་འགོར་འགྱངས་མི་བྱེད་པར་ཁག་ཐེག་བྱེད་ཆེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་སྔ་མོ་ནས་ནོར་སྲིད་ཀྱིས་ཞིང་ལས་རྒྱབ་སྐྱོར་བྱེད་པའི་ཆེད་སྤྱོད་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དགུ་བྱེ་བ་གསུམ་ས་ཡ་ལྔ་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་བྱ་བའི་ཐད་མ་དངུལ་གྱི་འགན་སྲུང་འདོན་སྤྲོད་བྱས།

ཞིང་ཆེན་སྲིད་གྲོས་ཐིན་གྱིས་ས་ཆ་སོ་སོའི་ཞིང་ཕྱུགས་ལས་ཐོན་སྐྱེད་གནོད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་བཞི་བཏང་སྟེ། རོང་འབྲོག་དམངས་ཀྱིས་སྒོ་ཕྱུགས་ཀྱི་དགུན་བརྒལ་གཟན་རྩྭ་ཉར་གསོག་དང་དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་སྐབས་ཀྱི་རང་བྱུང་གནོད་འཚེ་འགོག་པའི་ཐད་བཀོལ་རྒྱུ་ཡིན་པ་དང་། རྨོ་ཞིང་ས་ཤུགས་སྲུང་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཅིག་དང་ས་ཡ་གཅིག་བཏང་ནས། ས་ཆ་སོ་སོའི་རྨོ་འདེབས་ཞིང་བས་སྐྱེ་ལྡན་ལུད་རྫས་བཀོལ་ཚད་ཇེ་མང་དུ་གཏོང་བ་དང་སོག་མ་ལུད་རྫས་སུ་བསྒྱུར་བ་སོགས་ཀྱི་བྱེད་ཐབས་སྤྱོད་པར་རྒྱབ་སྐྱོར་བྱེད་པ་དང་། རྨོ་ཞིང་གི་སྤུས་ཚད་མཐོར་འདེགས་བཏང་ནས། འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་རེད། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་བདུན་བཀོད་སྒྲིག་བྱས་ནས། ས་ཆ་སོ་སོས་ཞིང་ཕྱུགས་ལས་ཐོན་སྐྱེད་བྱ་བ་གཉེར་བའི་མི་སྒེར་དང་ཞིང་ཕྱུགས་ལས་ཐོན་སྐྱེད་བདག་གཉེར་རྩ་འཛུགས་ཀྱིས་གཏན་ཁེལ་ལྟར་ཞིང་ལས་འཕྲུལ་ཆས་ཉོས་རྗེས་དང་གསར་བརྗེ་བྱས་རྗེས་ཁ་གསབ་སྟེར་རྒྱུ་ཡིན་པ་དང་། ཆུ་བེད་འཕེལ་རྒྱས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་བྱེ་བ་ལྔ་ས་ཡ་གསུམ་བཏང་སྟེ། ཞིང་ས་ཆུ་བེད་སྒྲིག་ཆས་དང་ཆུ་གཏོང་ཞིང་སའི་ཆ་སྡེབས་དང་དེང་རབས་ཅན་གྱི་ཆུ་གྲོན་ཆུང་བསྒྱུར་བཀོད་སོགས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ནས། ས་ཆ་སོ་སོའི་དཔྱིད་ཀའི་རྨོ་འདེབས་དང་ཆུ་གཏོང་འགན་སྲུང་ནུས་པ་མཐོར་འདེགས་གཏོང་རྒྱུ་རེད།

ལོ་ཙཱ་བ། རིན་ཆེན་མཚོ།