ན་ནིང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་ལྔ་ས་ཡ་དགུ་བཏང་།
2021.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 115

མཁར་གྲོང་སྡོད་ཁང་གི་མཁོ་འདོན་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད། ཉིས་སྟོང་ཉི་ཤུ་ལོ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་ཐད་ཆེད་སྤྱོད་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་ལྔ་ས་ཡ་དགུ་བཏང་བའི་ཁྲོད་དུ། ཁང་རྙིང་སྒྱུར་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་དགུ་བཏང་བ་དང་། གཞིས་ཁུལ་རྙིང་བ་སྒྱུར་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་དགུ་ས་ཡ་བརྒྱད་བཏང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་སྒོ་དམའ་བའི་ཁྱིམ་ཚང་གི་སྡོད་ཁང་གླ་ཡོན་ཁ་གསབ་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་གཉིས་བཏང་། ཞིང་ཆེན་ཡོངས་ཀྱི་ཁང་རྙིང་ཁྲི་གཅིག་དང་སྟོང་གཅིག་སུམ་བརྒྱ་ལྷག་སྒྱུར་བཀོད་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་བ་ཁྲི་ལྔ་ལྷག་སྒྱུར་བཀོད་བྱས་པར་མ་ཟད། ཡོང་སྒོ་དམའ་བའི་ཁྱིམ་ཚང་སྟོང་བརྒྱད་དང་བཞི་བརྒྱ་རེ་བདུན་ལ་སྡོད་ཁང་གླ་ཡོན་ཁ་གསབ་མ་དངུལ་བྱིན།

ལོ་ཙཱ་བ། བན་དེ་སྐྱབས།