བྱེད་ཐབས་ལྔ་ལ་བརྟེན་ནས་མཚོ་སྔོན་གྱི་དབང་བོ་སྐྱོན་ཅན་གྱི་མ་མཐའི་འཚོ་བར་ཕན་འབྲས་ལྡན་པའི་སྒོ་ནས་འགན་སྲུང་བྱས།
2021.02.17 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 41

ཉིས་སྟོང་ཉི་ཤུ་ལོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་མཉམ་འབྲེལ་མ་ལག་གིས་གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་ནས། ཤུགས་ཆེན་པོས་བྱེད་ཐབས་ལྔ་སྐུལ་འདེད་བཏང་སྟེ། དཔྱད་ཞིབ་ཡོད་པའི་སྒོ་ནས་ཁ་གསབ་བཞི་དང་འགན་སྲུང་གཅིག་གི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་གསུམ་ཁྲི་དྲུག་ལྷག་བཏང་བར་བརྟེན། དབང་བོ་སྐྱོན་ཅན་གྱི་མ་མཐའི་འཚོ་བར་ཕན་འབྲས་ལྡན་པའི་སྒོ་ནས་འགན་སྲུང་བྱས།

ཉིས་སྟོང་ཉི་ཤུ་ལོར། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་མ་ལག་གིས་དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་སྲ་བརྟན་མཐོར་འདེགས་གཏོང་བ་དང་ཁ་གསབ་བྱེད་ཐབས་དམ་པོར་བཟུང་ནས། ཞིང་སྡེའི་དབུལ་ཕོངས་དབང་བོ་སྐྱོན་ཅན་སྟོང་གཉིས་དང་སུམ་བརྒྱ་ལ་རྩལ་ནུས་ཟབ་སྦྱོང་བྱས། ལོ་ཧྲིལ་བོར་མཁར་གྲོང་གི་དབང་བོ་སྐྱོན་ཅན་སྟོང་ལྔ་བརྒྱ་དང་བརྒྱད་ཅུར་ཟབ་སྦྱོང་བྱས་པ་དང་། མཁར་གྲོང་གི་དབང་བོ་སྐྱོན་ཅན་མི་སྣ་སུམ་སྟོང་བརྒྱ་དང་བཅུ་ལ་ལས་ཞུགས་བཀོད་སྒྲིག་བྱས། ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་ཁྲི་གཉིས་དང་སྟོང་གཉིས་བཞི་བརྒྱ་གྱ་དགུའི་དབུལ་བོ་སྐྱོན་ཅན་ཁྲི་གསུམ་དང་སྟོང་དྲུག་བརྒྱད་བརྒྱ་སོ་ལྔ་ལ་ཡིག་ཚགས་བཟོས་ཏེ་དབུལ་ཐར་བྱུང་།

ལོ་ཙཱ་བ། བན་དེ་སྐྱབས།