མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་དུ་ཞིང་འདེབས་འགོ་ཚུགས།
2021.04.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 59

ཟླ་གསུམ་པའི་ཟླ་མཇུག་ནས་ཟླ་བཞི་པའི་ཟླ་འགོའི་བར་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་དུ་ཞིང་འདེབས་འགོ་ཚུགས་པའི་དུས་ཡིན་ལ།ད་ལོར་པད་མ་རྫོང་གིས་སྤྱི་ཆིང་བཞི་བརྒྱ་དྲུག་ཅུ་ལྷག་ཏུ་སྲན་མ་དང་ནས།ཞོག་ཁོག་སོགས་སྲོལ་རྒྱུན་གྱི་ཞིང་ལས་སྐྱེ་དངོས་དང་།ཤ་མོ་དང་བོད་ཇ་སོགས་དཔལ་འབྱོར་སྐྱེ་དངོས་འདེབས་འཛུགས་བྱས་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་པ་བརྒྱུད་དེ་ཚད་ཡོད་རྨོ་ཞིང་ཐོག་ཐོན་རྫས་རིན་ཐང་ཆེས་ཆེར་སླེབས་པར་བྱས།ཉིས་སྟོང་ཉི་ཤུ་ལོར་པད་མ་རྫོང་གི་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་སྤྱི་རྒྱ་འབུམ་དྲུག་དང་ཁྲི་གསུམ་སྟོང་གཅིག་ཉིས་བརྒྱ་ལ་བུད་པ་དང་།ཤ་མོ་དང་བོད་ཇ་ལ་རྒྱལ་ཁབ་ཀྱི་སྐྱེ་ལྡན་ཐོན་རྫས་ཀྱི་ཁས་ལེན་ཐོབ། འབྲོག་ལས་དང་ཞིང་ལས། སྒྲིག་བཀོད་ཞིང་ལས། བོད་ཇའི་ཐོན་ལས་སོགས་མ་ལག་ཆེན་པོ་བཞི་ཆགས་ནས་ས་གནས་དེ་གའི་རོང་འབྲོག་རྣམས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་རྨང་གཞི་བཏིང་། 

འཕྲུལ་ཆས་ཅན་གྱི་འདེབས་འཛུགས་དུས་རབས་སུ་སླེབས་ཀྱང་དཔྱིད་རྨོའི་མཛད་སྒོའི་ཐོག་རྨོ་མཛོས་འདེགས་པའི་ཐོང་གཤོལ་ནི་སྔར་བཞིན་མེད་དུ་མི་རུང་བའི་རྣམ་གྲངས་ཤིག་རེད།

མི་ཕམ་མགོན་པོས་བསྒྱུར།