སྐབས་དྲུག་པའི་ཀྲུང་གོའི་རྒྱང་སྒྲོག་བརྙན་འཕྲིན་སྨྱད་བྱད་མཉམ་འདྲེས་འཕེལ་རྒྱས་ཀྱི་ལོ་ཚོགས་བསྡུས་པ་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་ལ་གཟི་བརྗིད་མཚན་སྙན་གཉིས་ཐོབ།
2021.04.13 ཁུངས། ཀློག་གྲངས། 284

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ4ཚེས12ཉིན།  སྐབས་དྲུག་པའི་ཀྲུང་གོའི་རྒྱང་སྒྲོག་བརྙན་འཕྲིན་སྨྱད་བྱད་མཉམ་འདྲེས་འཕེལ་རྒྱས་ཀྱི་ལོ་ཚོགས་དང་། 2020--2021ལོའི་རྒྱལ་ཡོངས་རྒྱང་སྒྲོག་བརྙན་འཕྲིན་སྨྱན་བྱད་མཉམ་འདྲེས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཡོངས་བསྒྲགས་མཛད་སྒོ་ཧའེ་ནན་ཞིང་ཆེན་ཁྱུང་ཧའེ་གྲོང་ཁྱེར་དུ་བསྡུས་པ་དང་། རྒྱལ་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས101གི་འཐུས་མི་ཐེངས་འདིའི་ཚོགས་འདུར་ཞུགས།

ཚོགས་འདུས་མཉམ་འདྲེས་ལས་སྣ་མང་ཁྱབ་སྤེལ་བྱ་རྒྱུ་གཙོ་སྙིང་དུ་བཟུང་ནས་། ཐད་གཏོང་དང་བརྙན་ཐུང་གི་ནང་དོན་ཟུང་འབྲེལ་ཇི་ལྟར་བྱས་ནས་གཉེར་ཚོང་མཉམ་ཤུགས་གསར་པ་ཆགས་པ་བྱེད་པ་དང་རིག་ལྡན་སྨྱན་བྱད་དུས་རབས་སུ་ས་གནས་རྒྱང་སྒྲོག་རླུང་འཕྲིན་ལས་རིགས་ཁག་གིས་ས་ཁོངས་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུ་ཇི་ལྟར་བསྐྲུན་རྒྱུ། 5Gརྒྱབ་ལྗོངས་འོག་རྒྱང་སྒྲོག་བརྙན་འཕྲིན་ལས་རིགས་ཀྱིས་ཇི་ལྟར MCNལ་བརྟེན་ནས་བརྙན་ཐུང་ཟློས་ཤུགས་འདོན་རྒྱུ། སྨྱན་བྱད་མཉམ་འདྲེས་ལྟེ་གནས་ཀྱི་གཞི་གྲངས་ཆེན་མོ་བསྐྲུན་པའི་འཚོལ་ཞིབ་དང་ལག་ལེན་སོགས་ཀྱི་གྲོས་གཞི་སོགས་ལ་དམིགས་ནས་ཕྱོགས་བསྡུས་དཔྱད་བསྡུར་གཏིང་ཟབ་སྒོས་སྤེལ།

ལོ་ཚོགས་ཀྱི་བྱ་དགའ་གནང་བའི་མཛད་སྒོའི་སྟེང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོངAPPལ2020--2021ལོའི་རྒྱང་སྒྲོག་བརྙན་འཕྲིན་གྱི་ཕུལ་བྱུང་མཉམ་འདྲེས་སྨྱན་བྱད་སྟེགས་བུའི་བྱ་དགའ་ཐོབ་པ་རེད། གངས་ལྗོངས་མེ་ལོང་གིས་གསར་འགྱུར་ཕྱོགས་སྟོན་དང་།  ཞབས་ཞུ་ལས་སྟེགས།  བྱེད་སྒོ་གཞི་རྟེན་དུ་བྱས་ནས།  ནུས་ཤུགས་ཡོད་རྒུས་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་ཡག་ཤོས་དང་། ཐད་གཏོང་།  གསར་འགྱུར་ཚ་ཤོས།   སྤྲིན་སྣེ་བརྙན་ཟློས་སོགས་ཀྱི་བྱེད་ནུས་གཏོད་བཞིན་ཡོད་པ་རེད། དེ་མིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་གནང་བའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པར2020—2021ལོའི་མཉམ་འདྲེས་གསར་གཏོད་སྤུས་རྟགས་ཆེ་གྲས་བཅུའི་རྒྱང་སྒྲོག་བརྙན་འཕྲིན་ཐད་གཏོང་བྱེད་སྒོའི་བྱ་དགའ་ཐོབ་པ་རེད།