མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཉིས་པའི་སྟེང་གྲོས་མཐུན་འགོད་རྩིས་ཡོད་པའི་ལས་གཞི་བརྒྱ་དང་གོ་བདུན་དངོས་འབེབས་བྱས་པ་དང་སྤྱིའི་དངུལ་གཏོང་སྒོར་མོ་ཐེར་ཆེན་དགུ་དང་ཐེར་འབུམ་དགུ་དུང་ཕྱུར་གཅིག་ལ་སླེབས།
2021.07.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་བདུན་པའི་ཚེས་བཅུ་དགུ་ཉིན། གསར་འགོད་པས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཉིས་པའི་གྲ་སྒྲིག་གྲོས་ཚོགས་ཐེངས་གསུམ་པའི་སྟེང་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གྲ་སྒྲིག་རྩ་འཛུགས་བྱ་བ་ཕལ་ཆེར་ཡོངས་འགྲུབ་བྱས། མིག་སྔར་གྲོས་མཐུན་འགོད་རྩིས་ཡོད་པའི་ལས་གཞི་བརྒྱ་དང་གོ་བདུན་དངོས་འབེབས་བྱས་ཤིང་། སྤྱིའི་དངུལ་གཏོང་སྒོར་མོ་ཐེར་ཆེན་དགུ་དང་ཐེར་འབུམ་དགུ་དུང་ཕྱུར་གཅིག་ལ་སླེབས་པ་དང་། གྲོས་མཐུན་འགོད་པའི་དམིགས་འབེན་དང་ལས་འགན་གྱི་བརྒྱ་ཆའི་གོ་དགུ་ཡོངས་འགྲུབ་བྱས།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་དང་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྤྱིའི་ཇུས་གཞི། རྩ་འཛུགས་བྱ་བའི་ཇུས་གཞིའི་བཀོད་སྒྲིག་ལྟར། ལག་བསྟར་ཨུ་ཡོན་ལྷན་ཁང་གི་པུའུ་དང་གཞུང་སྒྲུབ་ཁང་སོ་སོ་དང་ཁོངས་གཏོགས་ལས་ཁུངས་སོ་སོས་གྲ་སྒྲིག་བྱ་བ་སྣ་ཚོགས་མྱུར་དུ་ལག་བསྟར་བྱེད་བཞིན་ཡོད། མིག་སྔར། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ཁྲི་གཅིག་དང་སྟོང་བཞི་ལྷག་དངོས་འབེབས་བྱས་ཤིང་། བྱ་འགུལ་སྣ་ཚོགས་ཀྱི་དུས་ཚོད་དང་ས་གནས། ནང་དོན་གཙོ་བོ། གཏམ་བཤད་མགྲོན་པོ། དེ་མིན་གདན་ཞུའི་འཐུས་མི་སོགས་ཀྱི་བྱ་བ་ཕལ་ཆར་དངོས་འབེབས་བྱས་པ་དང་། ཚོགས་ཆེན་གྱི་བྱ་འགུལ་སོ་དྲུག་བཀོད་སྒྲིག་དང་གཏན་འཁེལ་བྱས།

སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་རང་ཞིང་གི་ཁེ་ལས་བསྡོམས་པས་ཉེར་དྲུག་ཞུགས་བཞིན་ཡོད་པ་དང་ཐོན་རྫས་དྲུག་ཅུ་ལྷག་འགྲེམ་སྟོན་བྱེད་ཀྱིན་འདུག དེ་ལས་གཞན་ལས་གཞིའི་འབྲེལ་མཐུད་དང་ཚོང་གཏམ་བྱ་བ་བཟང་བོར་བསྒྲུབ་ཆེད། རང་ཞིང་གིས་མུ་མཐུད་དུ་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་དང་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་ལ་མཐུན་སྦྱོར་བྱེད་པ་དང་། ཚོང་འགུག་དངུལ་འདྲེན་དམིགས་འབེན་དང་ལས་འགན་གཏན་འཁེལ་བྱས་ནས། སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་སྒོར་མོ་ཁྲག་ཁྲིག་གཅིག་གི་གྲོས་མཐུན་འགོད་པའི་དམིགས་འབེན་དང་ལས་འགན་དངོས་འབེབས་བྱེད་རྒྱུ་འགན་སྲུང་བྱས།

                                                                                                 བཀྲ་ཤིས་འབུམ་གྱིས་བསྒྱུར།