རང་ཞིང་གིས་དབང་བོ་སྐྱོན་ཅན་གྱི་བདེ་ཐང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་།
2021.10.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཉེ་ལམ་གསར་འགོད་པས་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཚུན་ལ་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྟོབས་ཤུགས་ཡོད་རྒུས་གནད་ཁེལ་བདེ་ཐང་འཛུབ་སྟོན་དང་དབང་བོ་སྐྱོན་ཅན་གྱི་བྱིས་པའི་བདེ་ཐང་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་གཙོ་གནད་བྱ་བར་སྐུལ་འདེད་བཏང་། མིག་སྔའི་བར་དུ་ཞིང་ཆེན་ཡོངས་ཀྱིས་མི་ཁྲི་གསུམ་སྟོང་ལྔ་བདུན་བརྒྱ་གྱ་དྲུག་ལ་གནད་ཁེལ་བདེ་ཐང་ཞབས་ཞུ་བསྒྲུབས་པ་དང་བདེ་ཐང་ཞབས་ཞུའི་ཚད་བརྒྱ་ཆའི་གོ་གཉིས་གྲངས་ཆུང་གསུམ་གཅིག་ལ་སླེབས་ཡོད། མི་ཁྲི་གཅིག་སྟོང་བརྒྱད་ཉིས་བརྒྱ་བརྒྱད་ཅུ་ལ་རམ་འདེགས་སྨན་བཅོས་ཡོ་བྱད་བཀོད་སྒྲིག་འོས་འཚམས་བྱས་པ་དང་དེའི་ཚད་བརྒྱ་ཆའི་གོ་དྲུག་གྲངས་ཆུང་བདུན་ལ་སླེབས་པར་མ་ཟད། དུས་ཚིགས་གཅིག་གི་སྔོན་ལ་ལོ་ཧྲིལ་བོའི་བདེ་ཐང་བྱ་བའི་དམིགས་འབེན་མངོན་འགྱུར་བྱུང་།

ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་སུ་བདེ་ཐང་བྱ་བའི་འཛུབ་སྟོན་དགོངས་པ་དང་ལས་འགན་དམིགས་འབེན་ལ་གོ་བ་ཡང་དག་བླངས་ནས་རང་རེའི་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་གྱི་ནད་རིགས་སྔོན་འགོག་དང་དབང་བོ་སྐྱོན་ཅན་གྱི་བདེ་ཐང་ལས་རིགས་ཀྱི་བདེ་ཐང་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བཏང་བ་དང་། རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་བདེ་ཐང་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་བརྡ་སྦྱོར་དཔར་ནས་བཀྲམས་པར་མ་ཟད། རིམ་པ་སོ་སོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བའི་བླང་བྱ་བཏོན་ནས་གྲོས་ཚོགས་ཀྱི་དགོངས་དོན་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འཆར་འགོད་ཁྲོད་ལག་བསྟར་བྱེད་དགོས་ལ། བདེ་ཐང་ཞབས་ཞུའི་སྒྲིག་ཆས་ཇུས་གཞི་དང་སྤྱི་བའི་ཞབས་ཞུ་ཅན་སོགས་འཕྲོད་བསྟེན་བདེ་ཐང་ཆེད་དོན་འཆར་འགོད་ཁྲོད་ལག་བསྟར་བྱེད་པ་དང་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྤྱི་ཡོངས་ཁྲོད་འཇོག་དགོས། དམིགས་འབེན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ནས་གཅིག་གྱུར་སྒོས་བཀོད་སྒྲིག་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་བྱ་བའི་མཉམ་ཤུགས་གྲུབ་པར་བྱས་ཏེ། དབང་བོ་སྐྱོན་ཅན་ལ་སྤུས་ཚད་མཐོ་བའི་སྟབས་བདེ་དང་བདེ་ཐང་ཞབས་ཞུ་འདོན་སྤྲོད་བྱེད་དགོས།

མི་ཕམ་མགོན་པོས་བསྒྱུར།