ཉེ་སྔོན། གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་གཞུང་སྒྲུབ་ཁང་གིས་ཞིང་ཆེན་བརྒལ་བའི་ཆུ་བོར་མཉམ་འགོག་མཉམ་སྡོམ་མཉམ་བཅོས་བྱེད་པའི་མཉམ་ལས་གྲོས་མཐུན་ལག་བསྟར་བྱས་ནས། ཆུ་རྐར་མཉམ་འབྲེལ་སྒོས་སྐོར་ཞིབ་བྱས་པ་མ་ཟད། བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། ཞིང་ཆེན་བརྒལ་བའི་ཆུ་བོར་མཉམ་འགོག་མཉམ་སྡོམ་མཉམ་བཅོས་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་ཐུན་མོང་གི་ལྟ་བ་གྲུབ་པར་བྱས།
ཞིང་ཆེན་གཉིས་ཀྱིས་སོ་སོར་མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་ཙོང་ཆུའི་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་མཁར་གྲོང་ཁུལ་གཙོ་བོའི་བར་མཚམས་དང་ལྷོ་བྱང་གི་མཚེའུ་གཉིས་ཀྱི་ཆུ་བེད་བཟོ་སྐྲུན། ཀན་སུའུ་ཞིང་ཆེན་ལན་ཀྲི་གྲོང་ཁྱེར་ཞི་ཀུའུ་ཆུའུ་ཡི་ཙོང་ཆུ་རྨ་ཆུར་འདྲེས་མཚམས་བཅས་ལ་སྐོར་ཞིབ་བྱས་རྗེས། མཚོ་སྔོན་ཞིང་ཆེན་མེན་ཧི་རྫོང་ཅི་ཞིན་ཆུ་གློག་ས་ཚུགས་དང་རྟ་ཐང་ཆུ་བོ་ཙོང་ཆུར་འདྲེས་མཚམས་གཉིས་ལ་མཉམ་འབྲེལ་སྐོར་ཞིབ་བྱས། ངོ་སྤྲོད་བྱས་པ་ལྟར་ན། 2020ལོར། ཞིང་ཆེན་གཉིས་ཀྱིས་གྲོས་མོལ་བྱས་ནས་ཞིང་ཆེན་བརྒལ་བའི་ཆུ་བོར་མཉམ་འགོག་མཉམ་སྡོམ་མཉམ་བཅོས་བྱེད་པའི་བྱ་བའི་རྐྱེན་སྲོལ་བཙུགས་ཏེ། ས་མཚམས་བརྒལ་བའི་ཆུ་བོར་མཉམ་སྡོམ་མཉམ་བཅོས་བྱེད་པའི་ཐད་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་པ་མ་ཟད་གྲུབ་འབྲས་བླངས། གོ་རིམ་རྗེས་མར། ཞིང་ཆེན་གཉིས་ཀྱིས་ཆུ་བོའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མ་ལག་རང་བཞིན་དང་སྤྱི་ཁོག་རང་བཞིན་འབུར་དུ་ཐོན་པ་བྱས་ནས། དུས་ཐོག་ཏུ་ཕན་ཚུན་ལ་རྨ་ཆུའི་བཞུར་རྒྱུན་བཅོས་སྐྱོང་སྲུང་སྐྱོབ་གནས་ཚུལ་ཁྱབ་བསྒྲགས་བྱེད་པ་དང་། ལྷག་པར་དུ་ཞིང་ཆེན་གཉིས་ཀྱི་བཞུར་རྒྱུན་གྱི་ཙོང་ཆུའི་ཆུ་སྤུས་འགྱུར་ལྡོག་ལ་ལྟ་ཞིབ་དང་འགྲམ་རྒྱུད་བེད་སྤྱོད་ལས་གཞི་འཛུགས་སྐྲུན། ཆུ་གློག་ས་ཚུགས་འཁོར་རྒྱུག ཆུ་རྐའི་སྐྱེ་ཁམས་སྲུང་སྐྱོབ་འགན་སྲུང་སོགས་གནས་ཚུལ་ཁྱབ་བསྒྲགས་བྱེད་རྒྱུ་རེད། ཞིང་ཆེན་གཉིས་ཀྱི་འབྲེལ་ཡོད་ས་ཁུལ་གྱི་བྱ་བའི་མཛུབ་ཁྲིད་ལ་ཤུགས་སྣོན་པ་དང་། ཆུ་དཔོན་དང་མཚོ་དཔོན་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་གཏན་ཁེལ་བྱེད་པ། ཕྱོགས་བསྡུས་སྒོས་བཅོས་སྐྱོང་བྱེད་པ་དང་ཆ་ཚང་བའི་སྒོ་ནས་དམ་འཛིན་བྱེད་པ། མཉམ་འབྲེལ་སྒོས་དོ་དམ་བྱེད་པ། རིགས་མི་འདྲ་བའི་ཉེན་ཁ་སྣ་ཚོགས་བཀག་འགོག་བྱས་ནས། མཉམ་དུ་སྲུང་སྐྱོབ་ཆེན་པོ་དམ་འཛིན་དང་མཉམ་དུ་བཅོས་སྐྱོང་ཆེན་པོ་ལག་བསྟར་བྱེད་པ་དང་། མཉམ་དུ་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བདེ་སྐྱིད་ཀྱི་ཆུ་དང་མཚོའུ་འཛུགས་སྐྲུན་བྱེད་རྒྱུ་རེད།
དེ་དང་མཉམ་དུ། ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་བྱེད་པར་ཟུང་འབྲེལ་བྱས་ནས། ཞིང་ཆེན་བརྒལ་བའི་ཆུ་བོར་དོ་དམ་སྲུང་སྐྱོབ་བྱེད་པའི་བྱ་བ་ལེགས་སྒྲིག་དང་སྐོར་ཞིབ་ལྟ་རྟོག ཉེན་ཁ་དཔྱད་འཇོག ཁོར་ཡུག་བཅོས་སྐྱོང་། སྐྱེ་ཁམས་སླར་གསོ་སོགས་བྱེད་ཐབས་ལག་བསྟར་བྱེད་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་དང་འགོ་ཁུངས་བཅོས་སྐྱོང་། མ་ལག་བཅོས་སྐྱོང་ལ་ཤུགས་སྣོན་པ། ཆུའི་ཁོར་ཡུག་གི་སྤུས་ཚད་མཐོར་འདེགས་གཏོང་བ། ཆུ་བོའི་བཞུར་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་ཞིག་གསོ་བྱས་ཏེ། ཆུ་བོའི་བཞུར་རྒྱུན་མི་ཆད་པར་ཁག་ཐེག་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།