མཚོ་སྔོན་ཞིང་ཆེན་དེང་རབས་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་དཔྱད་གླེང་འཛིན་གྲྭ་ཚོགས་མགོ་བརྩམས། 
2021.10.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་འཆར་གཞིའི་རེ་བ་ལྟར། ཟླ་བཅུ་བའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་ཞིང་ལས་ཞིང་སྡེའི་ཐིན་གྱིས་མཉམ་དུ་སྒྲུབ་འགན་ཁུར་བའི་དེང་རབས་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་དཔྱད་གླེང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་སྤེལ་མགོ་བརྩམས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་བགོས་འགན་ཁུར་བློ་མཐུན་དང་། གྲོང་ཁྱེར་དང་ཁུལ་སོ་སོ། རྫོང་དང་གྲོང་ཁྱེར། ས་ཁུལ་བཅས་ཀྱི་ཏང་ཨུའི་སྲིད་གཞུང་། དེ་མིན་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་བཅས་མི་བཞི་བཅུ་ཆེད་དོན་དཔྱད་གླེང་འཛིན་གྲྭའི་གསོ་སྦྱོང་ལ་ཞུགས། 

ཐེངས་འདིའི་དཔྱད་གླེང་འཛིན་གྲྭའི་དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་གསེབ་ཐོན་ལས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོང་གསེབ་ཐོན་ལས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཐོན་ལས་དར་སྤེལ་གྱི་འབྲེལ་ཡོད་སྲིད་ཇུས་གཏན་འཁེལ་དང་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱས་ཏེ། དེང་རབས་ཞིང་ཕྱུགས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དུ་རེད། ཆེད་དོན་དཔྱད་གླེང་འཛིན་གྲྭའི་གསོ་སྦྱོང་ལས་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁི་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་བྱེད་པ་དང་། ཞིང་གསུམ་བྱ་བ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་གཙོར་བཟུང་སྟེ། དེང་རབས་ཅན་གྱི་ཞིང་ལས་དང་ཞིང་སྡེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མཛུབ་སྟོན་དུ་བྱས་ཤིང་། དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་བ་དང་ཕན་ནུས་ལྡན་པའི་སྒོ་ནས་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་བྱེད་པ་སྙིང་བོར་བཟུང་ནས། དེང་རབས་ཞིང་ཕྱུགས་ཐོན་ལས་གསོ་སྤེལ་བྱེད་པ་གནད་འགག་ཏུ་བྱས་ཏེ། གཞུང་ལུགས་སློབ་སྦྱོང་དང་ཡུལ་དངོས་རྟོག་ཞིབ་རྣམ་པ་སྤྱད་པར་མ་ཟད། སློབ་སྦྱོང་དང་དཔྱད་གླེང་། ཡུལ་དངོས་རྟོག་ཞིབ་ལ་ཟུང་འབྲེལ་བྱས་ཐོག་མིག་རྒྱ་བསྐྱེད་པ་དང་། བསམ་ཕྱོགས་བློ་སྒོ་འབྱེད་པ། ནུས་པ་ཇེ་མཐོར་གཏོང་བ་བཅས་བྱས་ནས་སློབ་མས་སློབ་སྦྱོང་བྱས་པར་གོ་བ་རྙེད་པ་དང་སློབ་སྦྱོང་བྱས་པར་འབྲས་བུ་ཡོད་པར་བྱེད་དགོས་ལ། གཞུང་ལུགས་ཆུ་ཚད་དང་ལག་ལེན་ནུས་པ་མཐོར་འདེགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་དུ་བསྟར་བར་སྐུལ་འདེད་གཏོང་བའི་ཆེད་དུ་རེད། 

ཐེངས་འདིའི་ཆེད་དོན་དཔྱད་གླེང་འཛིན་གྲྭའི་སྤེལ་ཡུན་ཉིན་བཅོ་ལྔ་ཡིན་པ་དང་། ཞིང་ཆེན་ནང་ཁུལ་དང་ཞིང་ཆེན་ཕྱིའི་དཔྱད་གླེང་གསོ་སྦྱོང་དུས་རིམ་གཉིས་སུ་དགར་ཡོད་ལ། དུས་རིམ་གཉིས་ལ་རང་རང་གི་གནད་ས་མི་འདྲ་བ་རེད་ཡོད། ཞིང་ཆེན་ནང་ཁུལ་གྱི་སློབ་སྦྱོང་མཇུག་སྒྲིལ་རྗེས། སློབ་མ་དག་རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་གྱི་དཔེ་སྟོན་ཞིང་ཆེན་ཏེ། ཧྲན་ཏུང་ཞིང་ཆེན་དུ་སོང་ནས་དུས་རིམ་གཉིས་པའི་གསོ་སྦྱོང་དཔྱད་གླེང་ལ་ཞུགས་རྒྱུ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།