མཚོ་སྔོན་སློབ་ཆེན་དུ་བསླབ་ཚན་རིམ་པ་དང་པོའི་འབུམ་རམས་པའི་བསླབ་གནས་སྟེར་ས་ཞེ་བཞི་གསར་སྣོན་བྱས།
2021.11.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན། གསར་འགོད་པས་མཚོ་སྔོན་སློབ་ཆེན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་བསླབ་གནས་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་ཆོག་མཆན་བཀོད་པ་བརྒྱུད། མཚོ་སྔོན་སློབ་ཆེན་དུ་ཆུ་བེད་བཟོ་སྐྲུན་དང་རྩྭ་ལས་རིག་པ།  ནད་ཐོག་གསོ་རིག ཀྲུང་ལུགས་གསོ་རིག་བཅས་བསླབ་ཚན་རིམ་པ་དང་པོའི་འབུམ་རམས་པའི་བསླབ་གནས་སྟེར་ས་བཞི་གསར་སྣོན་བྱས་པ་དང་། བསླབ་གནས་ས་ཚུགས་འཛུགས་སྐྲུན་ཐད་ལོ་རྒྱུར་རང་བཞིན་གྱི་ཐོལ་བརྒལ་གལ་ཆེན་བྱས་ལ། དེས་སློབ་གྲྭའི་བསླབ་གནས་དང་ཞིབ་འཇུག་སློབ་མའི་སློབ་གསོ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད་ལ། སློབ་གྲྭས་ལོ་ལྔའི་འཆར་འགོད་བཅུ་བཞི་བ་མགོ་རྩོམ་པའི་དུས་སྐབས་སུ་ཁྱད་ལྡན་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་གལ་ཆེན་དུ་གྱུར་ཡོད།

དེ་དང་དུས་མཉམ་དུ་ཕྱུགས་སྨན་རིག་པ་དང་ཀྲུང་ནུབ་གསོ་རིག་མཉམ་འབྲེལ། ཀྲུང་ལུགས་གསོ་རིག་བཅས་བསླབ་ཚན་རིམ་པ་དང་པོའི་རམས་འབྱམས་པའི་བསླབ་གནས་སྟེར་ས་དང་། རྒྱུ་ཆ་དང་རྫས་འགྱུར་བཟོ་ལས་དང་ནུས་ཁུངས་སྒུལ་ཤུགས། སྐྱེ་དངོས་དང་གསོ་རིག་སྨན་རྫས། ཕྱུགས་རིགས་སྨན་པ། འཕྲུལ་ཆས། ནད་གཡོག་བཅས་རབ་འབྱམས་པའི་ཆེད་ལས་བསླབ་གནས་སྟེར་ས་དྲུག་ལ་ཞིབ་བཤེར་ཆོག་མཆན་ཐོབ། ད་ལྟའི་བར་དུ་མཚོ་སྔོན་སློབ་ཆེན་དུ་འབུམ་རམས་པའི་བསླབ་གནས་སྟེར་སའི་རིམ་པ་དང་པོའི་བསླབ་ཚན་ལྔ་དང་རིམ་པ་གཉིས་པའི་བསླབ་ཚན་བཞི་ཅུ། རབ་འབྱམས་པའི་བསླབ་གནས་སྟེར་བའི་རིམ་པ་དང་པོའི་བསླབ་ཚན་ཉི་ཤུ་དང་བསྣོལ་བའི་བསླབ་ཚན་གཅིག རིམ་པའི་གཉིས་པའི་བསླབ་ཚན་བརྒྱ་དང་བརྒྱད་ཡོད་ལ། རབ་འབྱམས་པའི་བསླབ་གནས་རིགས་མི་འདྲ་བ་བཅོ་ལྔ་དང་ཆེད་ལས་གོ་དྲུག་གི་ཁྱབ་ཁོངས་དང་འབྲེལ་ཡོད།

མཚོ་སྔོན་སློབ་ཆེན་གྱི་འབྲེལ་ཡོད་འགན་ཁུར་བས་་ངོ་སྤྲོད་བྱས་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་དུས་སྐབས་སུ། མཚོ་སྔོན་སློབ་ཆེན་གྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཞིབ་འཇུག་སློབ་མའི་སློབ་གསོའི་གྲོས་ཚོགས་ཀྱི་དགོངས་དོན་རྒྱུན་མཐུད་སྒོས་དོན་འཁྱོལ་བྱེད་པ་དང་། ཞིབ་འཇུག་སློབ་མའི་སློབ་གསོའི་སྣ་འཛོམས་བཅོས་སྒྱུར་ལག་བསྟར་བྱེད་པ། གསར་གཏོད་སྣེ་ཁྲིད་དང་བཅོས་སྒྱུར་ལ་བརྟེན་ནས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། དགོས་མཁོ་དང་འཚམ་པ་དང་ཚད་གཞི་གཏན་འཇགས་ཡིན་པ། ཁྱད་ཆོས་འབུར་དུ་ཐོན་པ་དང་ལེགས་ཆ་འདོན་སྤེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། མི་གཞི་རྩར་འཛིན་པ་དང་དགོས་མཁོའི་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པ། རིགས་བགར་ནས་འཕེལ་རྒྱས་སུ་གཏོང་བ་དང་སྤུས་ཚད་མཐོར་འདེགས་གཏོང་བ་རྒྱུན་འཁྱོངས་བྱས་ནས་རིག་གཞུང་དང་ཆེད་ལས་རང་བཞིན་གྱི་ཞིབ་འཇུག་སློབ་མའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

མི་ཕམ་མགོན་པོས་བསྒྱུར།