ཆུ་སྔོན་མངག་གཏོང་ཁང་གིས་སྤྱི་ཚོགས་བདེ་སྲུང་དོ་དམ་གྱི་བྱ་བ་རྒྱུན་མཐུད་ངང་བསྒྲུབས།
2021.11.15 ཁུངས། ཀློག་གྲངས། 151

སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཚོགས་ལ་ཉེ་བ་དང་རིམས་འགོག་གི་བྱ་བ་གནད་འགག་གི་དུས་ལ་ཐོན་པའི་བར་སྐབས་ཏེ།  2021ལོའི་ཟླ11པའི་ཚེས7ཉིན་ནས་ཚེས10བར་དུ་ཆུ་སྔོན་མངག་གཏོང་ཁང་གི་ཉེན་རྟོག་པ་ཡོངས་ཀྱིས་རིམས་འགོག་གི་བྱ་བ་ལེགས་པོར་སྒྲུབ་པ་དང་མཉམ་དུ་སྟོབས་ཤུགས་ཡོད་རྒུས་ཁོངས་གཏོགས་ས་ཁུལ་གྱི་བདེ་འཇགས་བརྟན་བརླིང་དང་མི་དམངས་མང་ཚོགས་ཀྱི་འཚོ་བར་འགན་ལེན་བྱས་ལ།   ཁོངས་གཏོགས་ས་ཁུལ་གྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་གི་བྱ་བ་སོ་སོ་ལེགས་པར་བསྒྲུབས།

གཅིག ཅུའུ་ཏང་ཨུའི་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་ནས། མངག་གཏོང་ཁང་གིས་སྐབས་བཅུ་དགུ་་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བདེ་སྲུང་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས་ཏེ།  གོང་རིམ་སྤྱི་བདེ་ལས་ཁུངས་ཀྱིས་བདེ་སྲུང་བྱ་བར་བཏོན་པའི་བྱེ་བྲག་གི་བླང་བྱ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

གཉིས། སྒྲིག་ཁྲིམས་ཀྱི་བྱ་བ་སོ་སོ་གཟབ་ནན་སྒོས་ལག་བསྟར་བྱས་ཏེ། མངག་གཏོང་ཁང་གི་ཉེན་རྟོག་པ་ཚང་མར་ཁྲིམས་འགལ་སྒྲིག་འགལ་གྱི་ཉེན་ཁ་དང་ཉེས་དམིགས་ངོས་ཟིན་བྱེད་པར་སློབ་གསོ་གནང་བ་དང་།  བསམ་བློའི་ལངས་ཕྱོགས་སེམས་ལ་དམ་པོར་བཟུང་ནས། ཆབ་སྲིད་དང་ཁྲིམས་ལུགས། ཀུན་སྤྱོད་བཅས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པ་དང་།   སྒྲིག་ཁྲིམས་ཀྱི་ལག་བསྟར་ནུས་པར་ཤུགས་བསྣན་ནས། གནད་འགག་གི་དུས་རིམ་དུ་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་མི་འབྱུང་བར་ཁག་ཐེག་བྱས་ལ།  བདེ་སྲུང་གི་བྱ་བ་རིམ་ལྡན་ངང་སྤེལ་བར་འགན་ལེན་ཁག་ཐེག་བྱས།

གསུམ། སྤྟི་ཚོགས་ཀྱི་སྤྱི་ཡོངས་འགོག་སྲུང་ལེགས་བསྒྱུར་བྱས། ཁོངས་གཏོགས་ས་ཁུལ་གྱི་དོན་དངོས་གནས་ཚུལ་ལ་ཟུང་འབྲེལ་བྱས་ནས།  སྐོར་ཞིབ་བྱེད་ཚད་དང་སྐོར་ཞིབ་ཀྱི་ཁྱབ་ཚད་ལ་ཤུགས་སྣོན་བྱས་པ་དང་། ཉེན་རྟོག་པ་དང་ཉེན་རྟོག་རླངས་འཁོར།  ཉེན་རྟོག་གློག་འོད་བཅས་ནམ་རྒྱུན་མཐོང་ཐུབ་པར་བྱས། 

བཞི། མངག་གཏོང་ཁང་གིས་ཁོངས་གཏོགས་ས་ཁུལ་གྱི་དོན་དངོས་གནས་ཚུལ་ལ་ཟུང་འབྲེལ་ལེགས་པོ་བྱས་ཏེ།  བདེ་སྲུང་གི་བྱ་བ་ལེགས་པོར་སྒྲུབ་པ་དང་། དུས་ལྟར་འགལ་བ་སྣ་ཚོགས་ཤེས་རྟོགས་བྱས་ནས། ཚབས་ཆེ་བའི་འགལ་བ་དང་རྩོད་གླེང་དག་དུས་ལྟར་ཐོ་འགོད་ལག་བསྟར་བྱས་པ་དང་།  འདུམ་འགྲིག་གི་ཚོད་འཛིན་བྱེད་ཐབས་དག་ལེགས་བཅོས་བྱས། ཉེན་རྟོག་པ་དག་ཁྱིམ་ཚང་དུ་འགྲོ་བའི་བྱེད་ཐབས་ལྟར་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ལ།  ཉེ་ལམ་“ཞང་དང་གྲོང་རྡལ”གྱི་མགོ་ཁྲིད་པར་བརྫུ་བ་དང་། རིམས་ནད་སྐབས་ཀྱི་གནས་བབ་ལ་ཁ་གཡར་ནས་མགོ་སྐོར་ཟོག་རྫུ་བྱེད་པའི་གྱོད་གཞི་དག་དཔེར་བཟུང་སྟེ་ཁྲིམས་བཤད་ཅིང་།  དོན་དངོས་གླེང་བ་དང་གནས་ལུགས་བཤད་པའི་ཐབས་ལམ་་བརྒྱུད་ནས་མང་ཚོགས་ཀྱི་ཉེན་ཟོན་གྱི་འདུ་ཤེས་ཇེ་ལེགས་སུ་བཏང་ལ།  དོན་དངོས་ཀྱི་སྟེང་ནས་ཉེན་རྟོག་པ་དང་མང་ཚོགས་ཀྱི་བར་ཐག་ཇེ་ཉེ་རུ་བཏང་།