འོད་བཞིན་འཚེར་བའི་མི་བུ་དག་ལ་གུས་འདུད་ཞུ།
2021.11.16 ཁུངས། ཀློག་གྲངས། 184

ཟླ11ཚེས5ཉིན། སྐབས་བརྒྱད་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་གྱི་བཞུགས་མོལ་ཚོགས་འདུ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་པེ་ཅིན་དུ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་གྱིས་འོས་སྦྱོར་བྱས་པའི་འོས་མི་བན་ཏེ་རྒྱ་མཚོ་སྐབས་བརྒྱད་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་མི་སྣར་བདམས། དེ་མིན་ཝང་ཧའེ་ཐའོ་དང་། པཱ་ཚེ་ལོ།  སུན་ཝན་ཧུང་། ལི་ཡུས་ལན།  ཆན་ཅན་ཧྭ། ཞུའུ་ཀའོ་ཆང་། ཀའོ་ཞའོ་རོང་། ཀྲང་རེན། ཁྲའོ་ཧྲི་ཧྥུན་བཅས་མི་དགུ་ལ་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་མིང་བཏགས་བྱ་དགའ་གནང་། 

    སྤྱོད་བཟང་གིས་མི་སེམས་ཀྱི་དར་སྐུད་གཅིག་ཏུ་སྦྲེལ་བར་བྱེད་ལ། དཔེ་སྟོན་གྱིས་བརྩོན་སེམས་ཀྱི་རྟ་ཕོར་ལྕག་གིས་སྐུལ་བར་བྱེད། གོང་གསལ་མི་སྣ་དག་ནི་ཀུན་སྤྱོད་ཀྱི་དཔེ་སྟོན་པ་དང་། སྙིང་སྟོབས་ཀྱི་སྣེ་ཁྲིད་པ། དུས་རབས་ཀྱི་གདོང་ལེན་པ་བཅས་ཡིན།  ཁོ་ཚོའི་སྔོན་ཐོན་གྱི་བྱས་རྗེས་དང་བླ་མེད་ཀྱི་གཤིས་རྒྱུད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོན་ཉམས་ལྡན་པའི་ངང་གསལ་འགྲེལ་བྱས་ཡོད་ལ། བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་གི་གཡུར་དུ་ཟ་བའི་གྲུབ་འབྲས་གཅིག་བསྡུས་ཀྱིས་མངོན་པར་བྱས་ཡོད་པར་མ་ཟད།  དུས་རབས་གསར་བར་འབད་པ་དང་། ལམ་བུ་གསར་བར་བསྐྱོད་པའི་ཉམས་འགྱུར་མངོན་པར་མཚོན་ཡོད།