​རང་རེའི་ཞིང་ཆེན་གྱི་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་གྱི་ཐུན་མོང་གཅིག་དང་མི་སྒེར་གཅིག་ལ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་བྱ་དགའ་ཐོབ། 
2021.11.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

 ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་རྒྱལ་ཡོངས་ཀྱི་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་གྱི་སྔོན་ཐོན་བྱ་དགའ་གནང་བའི་ཚོགས་ཆེན་བསྡུས་པ་དང་། རང་རེའི་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་གྱི་ཁུར་མོང་སྒྲོག་འབྲེལ་ཚོགས་པར་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་སྔོན་ཐོན་ཐུན་མོང་གི་བྱ་དགའ་ཐོབ་པ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་སྒྲོག་འགྲེལ་རུ་ཁག་གི་རུ་དཔོན་སྲུང་མ་ལ་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་སྔོན་ཐོན་མི་སྒེར་གྱི་བྱ་དགའ་ཐོབ།

ཉེ་བའི་ལོ་ཤས་རིང་། རང་རེའི་ཞིང་ཆེན་གྱི་རྒྱ་ཆེའི་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་གྱི་བྱ་བ་སྒྲུབ་མཁན་གྱིས་ཏང་ཀྲུང་དབྱང་གི་དགོངས་དོན་དོན་འཁྱོལ་དང་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་བྱ་བ་བཟང་པོར་བསྒྲུབས་ནས་གཞི་རིམ་དུ་རྐང་ཚུགས་ཤིང་ལེགས་སྐྱེས་ཕུལ་བའི་ཐུན་མོང་དང་མི་སྒེར་སྐོར་ཞིག་བྱུང་བ་དང་། བརྗོད་དོན་གསར་ཞིང་ཁྲིད་སྟོན་ཡང་དག་ཡིན་པ། གསོན་ཉམས་ལྡན་པའི་གཞུང་ལུགས་སྒྲོག་འགྲེལ་སྙན་ཞུ་དང་བརྙན་ཐུང་དུ་མ་སྤེལ། ཉིས་སྟོང་བཅུ་དྲུག་ལོའི་ཚུན་ལ་ཁྱོན་བསྡོམས་གཞུང་ལུགས་སྒྲོག་འགྲེལ་བྱ་དགའ་རིགས་ཉི་ཤུ་ཐོབ་ཅིང་དེའི་ཁྲོད་དུ་སྔོན་ཐོན་ཐུན་མོང་བཅུ་དང་སྔོན་ཐོན་མི་སྒེར་དྲུག ཕུལ་བྱུང་གཞུང་ལུགས་སྒྲོག་འགྲེལ་སྙན་ཞུ་གསུམ། ཕུལ་བྱུང་གཞུང་ལུགས་བརྙན་ཐུང་གཅིག་ཡོད།

གཞི་རིམ་གྱི་ཕུལ་བྱུང་རྐང་འཛིན་གཞུང་ལུགས་སྒྲོག་འགྲེལ་མཁན་གྱི་སྣེ་ཁྲིད་དང་རིམ་པ་སོ་སོའི་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་ཁྲིད་སྟོན་འོག རང་རེའི་ཞིང་ཆེན་གྱིས་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་བྱ་བར་གསར་གཏོད་དང་བརྒྱུད་སྒྲོག་གི་རྣམ་པའི་བྱེད་ཐབས་སྤྱད་ནས་གཞི་རིམ་སྒྲོག་འགྲེལ་བྱ་བ་གཏིང་ཟབ་ཏུ་འཕེལ་བར་སྐུལ་འདེད་བཏང་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་གཅིག་སྡུད་བྱས།

མི་ཕམ་མགོན་པོས་བསྒྱུར།