གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རིམས་ནད་འགོག་སྡོམ་འཐབ་ཕྱོགས་དང་པོ་རུ་ཡོད་པའི་ན་གཞོན་དང་བླངས་མཁན་ལ་འཚམས་འདྲི་ཞུ་བའི་བྱ་འགུལ་སྤེལ།
2021.11.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཉེ་ལམ། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཧུའུ་ཐེ་སྡེ་ཁུལ་དང་ཟི་ལིང་མེ་འཁོར་ས་ཚིགས། ཟི་ལིང་ཚོ་ཅ་ཕུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་བཅས་སུ་སོང་སྟེ་རིམས་རྒོལ་འཐབ་ཕྱོགས་དང་པོ་རུ་ཡོད་པའི་ན་གཞོན་དང་བླངས་མཁན་དང་ན་གཞོན་འཕྲལ་སྒྲུབ་རུ་ཁག་ལ་འཚམས་འདྲི་ཞུས་པ་དང་།  ན་གཞོན་དང་བླངས་མཁན་རིམས་ནད་འགོག་སྡོམ་ཁྲོད་ཞུགས་པའི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད་རིམས་ནད་འགོག་སྡོམ་བྱེད་པའི་འཐབ་ཕྱོགས་དང་པོ་རུ་ཡོད་པའི་ན་གཞོན་དང་བླངས་མཁན་རྣམས་ལ་བཀའ་དྲིན་ཆེ་ཞུས།

གུང་གཞོན་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་རྣམས་གནས་གང་དུ་ཐོན་ཚེ་རིམས་ནད་འགོག་སྡོམ་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་ཤིང་། རིམས་ནད་འགོག་སྡོམ་བྱ་བའི་ཁྲོད་ཀྱི་འབུར་ཐོན་གནད་དོན་ཞིབ་འདྲི་བྱས་པ་དང་། དང་བླངས་མཁན་གྱི་འཚོ་བ་དང་འགོག་སྲུང་སྒྲིག་ཆས་སོགས་ཀྱི་གནས་ཚུལ་ཞིབ་འདྲི་བྱས་པར་མ་ཟད། གཞི་རིམ་ན་གཞོན་དང་བླངས་མཁན་ལ་འཚམས་འདྲི་བྱས་པ་དང་། ཁོ་ཚོས་རིམས་འགོག་ཞིབ་བཤེར་དང་ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབ་པ་དང་མཉམ་དུ་རང་ཉིད་ཀྱི་འགོག་སྲུང་བྱ་བ་ཅིས་ཀྱང་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།

རང་ཞིང་དུ་ཡང་བསྐྱར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། དུས་ཐོག་ཏུ་གྲོས་མགོ་ཡི་གེ་སྤེལ་བ་དང་རིམ་པ་སོ་སོའི་གུང་གཞོན་རྩ་འཛུགས་ཀྱི་ན་གཞོན་རྣམས་རིམས་རྒོལ་གྱི་འཐབ་ཕྱོགས་དང་པོར་སོང་ནས་ནུས་པ་འདོན་པར་སྐུལ་སློང་བྱས། རྒྱ་ཆེའི་ན་གཞོན་དང་བླངས་མཁན་རྣམས་ཐེངས་འདིའི་རིམས་ནད་འགོག་སྡོམ་བྱ་བའི་ཁྲོད་ཀྱི་སྟོབས་ཤུགས་གཙོ་བོར་གྱུར་བ་དང་། དུས་རབས་གསར་བའི་དང་བླངས་མཁན་གྱི་ཁག་ཁུར་ནུས་པ་དང་འགན་འཁྲི་མངོན་པར་བྱས་ལ། དུས་རབས་གསར་བའི་གུང་གཞོན་ཚོགས་པའི་ནུས་པ་མཚོན་པར་བྱས།

                                                                                                           བཀྲ་ཤིས་འབུམ་གྱིས་བསྒྱུར།