ཟླ1ཚེས15ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་སྒོ་བྱང་བཀལ་ཏེ་དངོས་སུ་བཙུགས་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་ལས་དོན་གྱི་ལེའུ་གསར་པའི་འགོ་བརྩམས་པ་དང་སྐྱོད་ལམ་གསར་པར་བསྐྱོད་པ་མཚོན།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་བཙུགས་པ་ནི་ཞིང་ཆེན་ཡོངས་ཀྱི་སྒྲིག་གཞི་བཅོས་སྒྱུར་གྱི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་དབྱང་གི་སྒྲིག་གཞི་བཅོས་སྒྱུར་གྱི་བླང་བྱ་ལག་བསྟར་བྱེད་པ་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱེད་པ། ཏང་གི་སྤྱི་ཚོགས་བྱ་བའི་སྒྲིག་གཞིའི་འགན་ནུས་མ་ལག་བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པར་མ་ཟད། ཏང་གི་སྤྱི་ཚོགས་བྱ་བའི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ། སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་འཛུགས་པ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།
2023ལོའི་ཟླ3པར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་ཇུས་གཞི་པར་འགྲེམ་བྱས་ཏེ་ཀྲུང་དབྱང་སྤྱི་ཚོགས་བྱ་བའི་པུའུ་འཛུགས་རྒྱུར་བཀོད་སྒྲིག་བྱས་ནས། མི་དམངས་འཕྲིན་བཅར་བྱ་བར་གཅིག་གྱུར་མཛུབ་སྟོན་བྱེད་པ་དང་ཏང་འཛུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྲུན་ལ་གཅིག་གྱུར་སྐུལ་འདེད་གཏོང་བ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་དང་དཔལ་འབྱོར་རྩ་འཛུགས་གསར་པ། སྤྱི་ཚོགས་རྩ་འཛུགས་གསར་པ་སོགས་ཀྱི་ཏང་འཛུགས་བྱ་བར་མཛུབ་སྟོན་བྱེད་པ། སྤྱི་ཚོགས་བྱ་བའི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་མཛུབ་སྟོན་བྱེད་པ་སོགས་ཀྱི་འགན་ཁུར་ཡོད། ཀྲུང་དབྱང་སྤྱི་ཚོགས་བྱ་བའི་པུའུ་ཡིས་རྒྱལ་ཁབ་འཕྲིན་བཅར་ཅུའུ་ལ་གཅིག་གྱུར་འགོ་ཁྲིད་བྱས་ཡོད།
ས་གནས་ཀྱི་ངོས་ནས། ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པའི་ཏང་ཨུས་སྤྱི་ཚོགས་བྱ་བའི་སྡེ་ཁག་འཛུགས་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།