མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དུས་ཆེན་གཉིས་ལ་དྲོད་ཁོལ་སྐྱེལ་བ་དང་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ།
2024.01.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ1ཚེས16ཉིན། གསར་འགོད་པས་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལག་བསྟར་བྱེད་ཆེད། ཉེ་སྔོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བཟོ་ཚོགས་ཀྱི་མ་དངུལ་སྒོར་འབུམ་དགུ་ཁྲི་གཅིག་སྟོང་གཉིས་བཀོད་སྒྲིག་བྱས་ཏེ། དུས་ཆེན་གཉིས་སྐབས་སུ་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་སྤེལ་ནས། ཏང་དང་སྲིད་གཞུང་། བཟོ་ཚོགས་རྩ་འཛུགས་ཀྱི་དྲོད་ཁོལ་དུས་ཐོག་ཏུ་ལས་བཟོ་པའི་སེམས་ཁོང་དུ་སྐྱེལ།

ཐེངས་འདིར་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་ཁྲོད། གཙོ་བོར་ནད་ལྕི་མོ་བྱུང་བ་དང་རང་བྱུང་གནོད་འཚེ་ཐེབས་པ། གློ་བུར་དུ་དོན་རྐྱེན་བྱུང་བ། གཞུང་དོན་ཁྲོད་རང་སྲོག་ཤོར་བ་དང་དབང་བོར་སྐྱོན་ཤོར་བ། གཞི་རིམ་ལས་གནས་ཀྱི་ལས་བྱེད་མི་སྣ་སོགས་ལས་བཟོ་པར་འཚམས་འདྲི་བྱས། དེ་དང་མཉམ་དུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དུས་ཆེན་གཉིས་སྐབས་སུ་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་དང་པོའི་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་ཐུན་མོང་གླེང་མོལ་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དྲིལ་སྒྲོག་ཤུགས་ཆེན་བྱས་པ་དང་། ལས་བཟོ་པས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་དྲིན་བསམ་པ། ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱ་རྒྱུ་རེད།

ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་བཤད་རྒྱུར། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བཟོ་ཚོགས་ཀྱི་དྲོད་ཁོལ་སྐྱེལ་བའི་བྱ་བའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། དུས་རྒྱུན་གྱི་དྲོད་ཁོལ་སྐྱེལ་བའི་བྱ་བ་བཟང་བོར་སྒྲུབ་ནས། དྲོད་ཁོལ་སྐྱེལ་བའི་བྱ་བ་རྒྱུན་རྣམ་ཅན་དུ་བསྒྱུར་བ་དང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བཟོ་ཚོགས་རྩ་འཛུགས་ཀྱི་དྲོད་ཁོལ་དུས་ཐོག་དང་ཕྱོགས་ཡོངས། སྔར་ལས་གཏིང་ཟབ་པའི་སྒོ་ནས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་རྒྱ་ཆེའི་ལས་བཟོ་པ་མང་ཚོགས་ཀྱི་གམ་དུ་སྐྱེལ་ཐུབ་པར་བྱེད་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།