གཅིག་སྒྲིལ་རྫོང་གིས་བཅུ་དཔོན་ལམ་ལུགས་རྒྱལ་ཡོངས་གྲོང་གསེབ་བཅོས་སྐྱོང་གི་དཔེ་མཚོན་དཔེ་གཞི་ཁྲོད་བདམས།
2024.01.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཉེ་སྔོན། ཞིང་ལས་ཞིང་སྡེ་པུའུ་ཡིས་སྐོར་ཐེངས་ལྔ་པའི་རྒྱལ་ཡོངས་གྲོང་གསེབ་བཅོས་སྐྱོང་གི་དཔེ་མཚོན་དཔེ་གཞིའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་ཏང་འཛུགས་ཀྱིས་ཁྱིམ་བཅུའི་དཔོན་པོར་སྣེ་ཁྲིད་དེ་བཅོས་སྐྱོང་གི་སྒུལ་ནུས་གསར་བ་སྐྱེད་པ་དེ་མིང་ཐོའི་ཁྲོད་ཚུད། དེར་བརྟེན། ཞིང་ཆེན་ཡོངས་ཀྱི་དཔེ་གཞི་གསུམ་རྒྱལ་ཡོངས་གྲོང་གསེབ་བཅོས་སྐྱོང་གི་དཔེ་མཚོན་ཁྲོད་བདམས།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་ཏང་གི་འཛུགས་སྐྲུན་དེ་ནམ་ཡང་གྲོང་གསེབ་བཅོས་སྐྱོང་གི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་འགོ་ཁྲིད་འོག་གི་གྲོང་གསེབ་བཅོས་སྐྱོང་གི་རྣམ་པ་གསར་བ་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་། གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པ་བརྒྱུད་དེ། སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ལ། ས་བབ་དང་བསྟུན་ནས་གྲོང་གསེབ་བཅོས་སྐྱོང་གི་བྱེད་ཐབས་དང་རྐྱེན་སྲོལ། སྟེགས་སུ་སོགས་ཀྱི་ཉམས་མྱོང་བྱེད་ཐབས་འཚོལ་ཞིབ་བྱས་པ་དང་། གཅིག་སྒྲིལ་རྫོང་གི་ཁྱིམ་བཅུའི་དཔོན་པོའི་ལམ་ལུགས་སོགས་བཅོས་སྐྱོང་གི་དཔེ་མཚོན་སྤྱི་སྡོམ་བྱས་ཏེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་བཅོས་སྐྱོང་གི་ཐབས་ལམ་གསར་བ་བསྐྲུན། དེ་དང་མཉམ་དུ། ཞིང་སྡེའི་ཏང་རྩ་འཛུགས་འཛུགས་སྐྲུན་སྲ་བརྟན་དུ་གཏོང་བ་དང་ཤུགས་བསྣན་པ་དང་། ཏང་འཛུགས་ཀྱི་རིག་སྟོབས་སོགས་ཀྱི་དོ་དམ་མ་དཔེ་བསྐྲུན་པ་དང་། གཞི་རིམ་ཏང་འཛུགས་བྱ་བ་དང་གྲོང་གསེབ་བཅོས་སྐྱོང་གཉིས་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་བཏང་སྟེ། གྲོང་གསེབ་བཅོས་སྐྱོང་གི་ཕན་ནུས་མཐོར་འདེགས་བཏང་བ་དང་། བབ་སྡོད་ལས་བརྩོན་དང་ཞི་མཛེས་གྲོང་གསེབ་འཛུགས་སྐྲུན་ལ་རོགས་འདེགས་བྱས།

རིན་ཆེན་མཚོས་བསྒྱུར།