མཚོ་སྔོན་གྱིས་དུས་རབས་གསར་པའི་ན་གཞོན་ལས་བྱེད་པ་སྤྱོད་གཙང་འཚར་ལོངས་འབྱུང་བའི་བརྗོད་དོན་བྱ་འགུལ་སྤེལ།
2024.09.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་དགུ་པའི་ཚེས་དྲུག་ཉིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་སྐབས་དང་བསྟུན་ནས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་རིག་གནས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ཟི་ལིང་དུ་ཕུགས་བསམ་ཡིད་རྟོན་བརྟན་པོར་གཏོང་། སྒྲོག་གུ་དང་པོ་བཟང་པོར་སྒྲོག་ཅེས་པའི་དུས་རབས་གསར་པའི་ན་གཞོན་ལས་བྱེད་པ་སྤྱོད་གཙང་འཚར་ལོངས་འབྱུང་བའི་བརྗོད་དོན་བྱ་འགུལ་མཉམ་དུ་སྤེལ་ཏེ། རང་ཞིང་གི་ན་གཞོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྲིད་སྐྱོང་དམངས་ཀྱི་ཆེད་ཡིན་པའི་རྩ་དོན་ནམ་ཡང་སེམས་ལ་བཟུང་ནས། ལོ་རྒྱུས་དང་དུས་རབས་ཀྱིས་བསྩལ་བའི་འགན་འཁྲིའི་འོས་འགན་ཕྲག་ཏུ་ཁུར་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་ཆེད་ལང་ཚོ་དང་སྟོབས་ཤུགས་འབུལ་དགོས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚབ་མ་ལིའུ་མཱེ་ཕིན་བྱ་འགུལ་ལ་ཞུགས།

བྱ་འགུལ་ལས་བརྗོད་དོན་དྲིལ་སྒྲོག་བརྙན་ཐུང་ལ་བལྟ་བ་དང་། སྤྱོད་གཙང་གླུ་དབྱངས་འཁྲབ་ལེན་བྱེད་པ། སྤྱོད་གཙང་ལེ་ཚན་འཁྲབ་སྟོན་བྱེད་པ། སྤྱོད་གཙང་དཔེ་མཚོན་གྱི་མཛད་རྗེས་དྲིལ་སྒྲོག་བྱེད་པ། ན་གཞོན་ལས་བྱེད་པའི་འཐུས་མིར་བཅར་འདྲི་བྱེད་པ། སྤྱོད་གཙང་རང་གཅུན་གྱི་གྲོས་གཞིའི་ཡི་གེ་འདོན་པ་དང་སྤྱོད་གཙང་གི་ཡིག་གཟུགས་དང་རི་མོ་འགྲེམ་སྟོན་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ། རང་ཞིང་གི་ན་གཞོན་ལས་བྱེད་པའི་ཁག་ཁུར་བྱེད་ཕོད་པ་དང་། བྱེད་ཕྱོགས་མངོན་ཐུབ་པ། རང་གཅུན་དམ་པའི་བྱ་སྤྱོད་ཡོངས་སུ་མངོན་པར་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་བླང་བྱའི་དགོངས་དོན་ལག་བསྟར་ཧུར་ཐག་བྱས་ནས། དོན་དངོས་ལས་དོན་དང་འཚོ་བའི་ཁྲོད་དུ་སྤྱོད་གཙང་གི་ཚད་མཐའ་དང་། ཁག་ཁུར་དང་བྱེད་ཕྱོགས་ཧུར་ཐག་གི་སྤྱོད་གཙང་གཞི་རྩ་བརྟན་སྲུང་བྱེད་དགོས།

ཚོགས་ཞུགས་ན་གཞོན་ལས་བྱེད་པས་ལང་ལོང་སྒོས་བསྟན་དོན། མཚོ་སྔོན་གྱི་ལོ་རྒྱུས་སྟེང་གི་ཆེས་ལེགས་པའི་འཕེལ་རྒྱས་དུས་སྐབས་དམ་འཛིན་བྱས་ཏེ། དུས་རབས་ཀྱི་འགན་འཁྲི་ཐེག་ཐུབ་པར་བྱེད་པ་དང་། སྔར་ལས་བློ་རྩ་བརྟན་པའི་རེ་མདུན་དང་། སྔར་ལས་རྣམ་དག་གི་དད་སེམས། སྔར་ལས་གཟབ་ནན་གྱི་སྒྲིག་ཁྲིམས་འདུ་ཤེས་བཟུང་ནས། ཕལ་བའི་ལས་གནས་སྟེང་ཏང་ལ་ངོ་གནོངས་མི་དགོས་པ་དང་། མི་དམངས་ལ་ངོ་གནོངས་མི་དགོས་པ། དུས་རབས་ལ་ངོ་གནོངས་མི་དགོས་པའི་ལང་ཚོའི་ཞབས་རྗེས་འགོད་དགོས།

ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོའི་ན་གཞོན་ལས་བྱེད་པའི་འཐུས་མི་བཞི་བརྒྱ་ལྷག་བརྗོད་དོན་བྱ་འགུལ་ལ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།