2024ལོའི་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བ་འགོ་བརྩམས།
2024.09.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ9པའི་ཚེས11ཉིན། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་འགོ་རྩོམ་མཛད་སྒོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སློབ་སྦྱོང་དྲིལ་སྒྲོག་གི་གྲུབ་འབྲས་འགྲེམ་སྟོན་བྱ་འགུལ་ཟི་ལིང་དཀྱིལ་སྙིང་ཐང་ཆེན་དུ་སྤེལ།

ཐེངས་འདིའི་བྱ་འགུལ་དེ་ཞིང་ཆེན་ཏང་ཨུས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་བྱ་འགུལ་འགོ་རྩོམ་པའི་ཚ་རླབས་ཤིག་འཕྱུར་བར་བྱས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པར་རོགས་ཤུགས་འདོན་རྒྱུ་རེད།

གླུ་དབྱངས་མཉམ་ལེན་ཆེན་མོ་དང་ཞབས་བྲོ་སོགས་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་ལས། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་བའི་བྱ་འགུལ་དངོས་སུ་འགོ་བརྩམས། དུས་མཉམ་དུ། ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་སོ་སོས་བྱ་འགུལ་ཡུལ་དངོས་སུ་དྲིལ་སྒྲོག་འགྲེམ་པང་བཞག་སྟེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོས་ཏང་འཛུགས་དང་མི་རིགས་མཐུན་སྒྲིལ་མཉམ་འདྲེས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བའི་བྱ་བའི་འབྲས་བུ་དང་གྲུབ་འབྲས་ཅི་ཡོད་གཅིག་སྡུས་ཀྱིས་མངོན་པར་བྱས་ཡོད། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་མཚམས་སྦྱོར་བྱས་དོན། རིག་རྩལ་འཁྲབ་སྟོན་གྱི་རྣམ་པས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག མི་རིགས་སོ་སོ་མཉམ་དུ་མཐུན་སྒྲིལ་ཡར་ཐོན་དང་། མཉམ་དུ་འབྱོར་ཕྱུག་འཕེལ་རྒྱས་ཕྱོགས་སུ་བསྐྱོད་པའི་རྣམ་པ་བཟང་པོར་བསྟོད་གླུ་ལེན་པ་དང་། དྲིལ་སྒྲོག་འགྲེམ་པང་བརྒྱུད་དེ། ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་སོ་སོའི་གསར་གཏོད་གྲུབ་འབྲས་གཅིག་སྡུས་ཀྱིས་མཚོན་པར་བྱས་ནས།  གསར་གཏོད་ཉམས་མྱོང་དང་བྱེད་ཐབས་བརྗེ་རེས་བྱས་ཤིང་། ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་སོ་སོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་བསྐྲུན་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་། བྱ་འགུལ་སྤེལ་བ་ལས། སྤྱི་ཚོགས་སྟེང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལག་ལེན་འཕེལ་རིམ་ལ་དོ་སྣང་ཡོད་པར་བྱེད་པ་དང་། དྲིལ་སྒྲོག་བྱས་པ་ལས་རིགས་སོ་སོའི་མང་ཚོགས་ཀྱང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་བསྐྲུན་བྱ་འགུལ་ཁྲོད་ཧུར་ཐག་གིས་ཞུགས་པའི་འབོད་བརྡ་བཏང་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་བའི་བྱ་འགུལ་དངོས་སུ་མགོ་བརྩམས་པར་ཀུན་གྱིས་དོ་སྣང་བྱེད་ཆེད་རེད།

རིག་འཛིན་སྒྲོལ་མས་བསྒྱུར།