ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་ལས་རིགས་ཚོང་ཚོགས་མཐུན་ཚོགས་ཀྱི་འགན་ཁུར་འོས་མི་དཔྱད་འདེམ་ཞིབ་བཤེར་གྱི་ཚོད་ལྟའི་བྱེད་ཐབས་འགྲེམ་སྤེལ་བྱས་ཏེ། ཆབ་སྲིད་ཀྱི་ཚད་གཞི་ཇེ་དམ་དང་དཔྱད་འདེམ་ཞིབ་བཤེར་ཚད་ལྡན་དུ་བཏང་ཞིང་། ལྟ་སྐུལ་དོ་དམ་བྱ་བ་ཤུགས་དྲག་ཏུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་ལས་རིགས་ཚོང་ཚོགས་མཐུན་ཚོགས་ཀྱི་བདེ་ཐང་གོ་རིམ་ཡོད་པར་འཕེལ་རྒྱས་གཏོང་ཆེད་སྐུལ་འདེད་ཧུར་ཐག་བཏང་།
བྱེད་ཐབས་ལས་ཞིང་ཆེན་ཡོངས་ཀྱི་ལས་རིགས་ཚོང་ཚོགས་མཐུན་ཚོགས་ཀྱིས་འཛུགས་གྲུབ་ཐོ་འགོད་དང་སྐབས་བརྗེ་འདེམ་བསྐོ། སྐབས་ཐོག་ལེགས་སྒྲིག་སྐབས་སུ། ལས་འཛིན་དཔོན་དང་ལས་འཛིན་དཔོན་གཞོན་པ། དྲུང་ཡིག་ཆེན་མོ་སོགས་ཀྱི་འགན་སྒྲུབ་མི་སྣར་ཞིབ་བཤེར་བྱེད་དགོས་པར་མ་ཟད། འགན་ཁུར་མི་སྣར་ཞིབ་བཤེར་བྱེད་དགོས་ཤིང་། ཞིབ་བཤེར་མ་བྱས་པ་དང་ཡང་ན་ཞིབ་བཤེར་ལས་ཆོག་མཆན་མ་ཐོབ་པའི་འོས་མིས་དམངས་གཙོ་འདེམ་བསྐོ་དང་གདན་ཞུས་ལས་བསྐོ་སོགས་ཀྱི་གོ་རིམ་ལག་བསྟར་བྱེད་མི་ཆོག དུས་མཉམ་དུ། འགན་ཁུར་འདེམ་རྩིས་མི་སྣ་ཡིན་ན་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་སྲུང་སྐྱོང་བྱེད་པ། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་མཐའ་འཁྱོལ་བྱེད་དགོས་ཤིང་། མི་སྒེར་གྱི་སྤྱི་ཚོགས་ཡིད་རྟོན་ཟིན་ཐོ་བཟང་པོར་བཀོད་ཡོད་མཁན་ཞིག་དང་། འབྲེལ་ཡོད་ཆེད་ལས་ཀྱི་ནུས་པ་ཆ་ཚང་ཞིང་། ལོ་ཚོད་དང་འཚམ་པ་དང་རྒྱུན་ལྡན་འགན་སྒྲུབ་བྱེད་ཐུབ་པ་སོགས་ཀྱི་གཞི་རྩའི་ཆ་རྐྱེན་དང་མཐུན་པ་བཅས་གཞི་རྩའི་ཆ་རྐྱེན་དང་མཐུན་དགོས་པ་གསལ་བོར་བཏོན་པར་མ་ཟད། ལས་རིགས་ཚོང་ཚོགས་མཐུན་ཚོགས་ཀྱི་འགན་ཁུར་པའི་འོས་མི་བྱས་མི་ཆོག་པའི་གནས་ཚུལ་གསལ་བོར་བཏོན་ཡོད།
བྱེད་ཐབས་ལས་གཏན་འབེབས་བྱས་དོན། ཞིང་ཆེན་དམངས་སྲིད་ཐིན་གྱིས་དེབ་སྐྱེལ་ཐོ་འགོད་དང་། སྲིད་འཛིན་ལས་ཁུངས་དང་འབྲེལ་བ་མེད་ཅིང་ཐད་ཀར་ཐོ་འགོད་བྱས་པའི་ལས་རིགས་མཐུན་ཚོགས་ཚོང་ཚོགས་ཡིན་ན་ཞིང་ཆེན་རིམ་པའི་སྤྱི་ཚོགས་རྩ་འཛུགས་ཕྱོགས་སྡུས་ལས་རིགས་ཏང་ཨུས་ཐོག་མའི་ཞིབ་བཤེར་གྱི་འགན་ཁུར་དགོས་ལ། ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཡིས་བསྐྱར་ཞིབ་བྱེད་དགོས། ཕྱོགས་གཉིས་དོ་དམ་བྱེད་པའི་ལས་རིགས་མཐུན་ཚོགས་ཚོང་ཚོགས་ཡིན་ན། ལས་གཉེར་གཙོ་སྐྱོང་ལས་ཁུངས་དང་ཡང་ན་ལས་རིགས་དོ་དམ་སྡེ་ཁག་གི་ཏང་ཙུའུ་ཡི་འབྲེལ་ཡོད་གཏན་ཁེལ་སྡེ་ཁག་གི་ཏང་རྩ་འཛུགས་ཀྱིས་ཞིབ་བཤེར་གྱི་འགན་ཁུར་དགོས་ཤིང་། ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ལ་ཐོ་འགོད་སྙན་སེང་ཞུ་དགོས། ཞིབ་བཤེར་བྱེད་སྐབས། མི་སྣ་གཙོ་བོར་གཙོ་གནད་ཞིབ་བཤེར་བྱེད་པའི་རྩ་དོན་ལྟར། ཡུལ་དངོས་ཞིབ་བཤེར་དང་ཡིག་སྤྲངས་བརྟག་དཔྱད་ཀྱི་ཞིབ་བཤེར། རྒྱུ་ཆའི་ཞིབ་བཤེར་སོགས་ཀྱི་རྩ་འཛུགས་ལྡན་པའི་བྱེད་ཐབས་སྤྱོད་དགོས། དུས་ལྟར་སྤྱི་བསྒྲགས་ལེགས་འགྲུབ་བྱས་རྗེས། གཏན་འབེབས་ལྟར་འདེམ་བསྐོ་བྱེད་དགོས་པ་དང་། འདེམ་བསྐོའི་མཇུག་འབྲས་དེ་སོ་སོར་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་དང་། ཐོག་མའི་ཞིབ་བཤེར་གྱི་འགན་ཁུར་ལས་ཁུངས། ཞིང་ཆེན་སྤྱི་ཚོགས་རྩ་འཛུགས་དོ་དམ་ཅུའུ་བཅས་ལ་ཐོ་འགོད་སྙན་སེང་ཞུ་དགོས།
བྱེད་ཐབས་ཀྱི་ནང་དུ། ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ལས་རིགས་མཐུན་ཚོགས་ཚོང་ཚོགས་ཀྱི་འགན་ཁུར་མི་སྣའི་འདེམ་སྒུག་པར་རྫུན་ཞུ་དང་། རེ་ཞུའི་རྒྱུ་ཆ་གསང་བ། ཁས་ལེན་རྫུན་མ་ཡིན་པ་སོགས་ཀྱི་བྱ་སྤྱོད་ལྡན་པ་དང་། སྤྱི་བསྒྲགས་སྐབས་སུ་མང་ཚོགས་ཀྱིན་བཏོན་པའི་གནད་དོན་ཞིབ་བཤེར་བྱས་ནས་བདེན་དཔང་ཐོབ་པ་ཡིན་ན། དེའི་དམངས་གཙོའི་འདེམ་བསྐོའི་ཐོབ་ཐང་མེད་པར་བཏང་ཆོག ཞིབ་བཤེར་འགན་ཁུར་ལས་ཁུངས་ཀྱི་ལས་བྱེད་མི་སྣས་བྱེད་ཐབས་ལྟར་ཞིབ་བཤེར་འགན་འཁྲི་ལག་བསྟར་མ་བྱས་པའམ་འགན་དབང་གང་འདོད་སྤྱད་པ་དང་། ལས་འགན་སྣང་མེད་དུ་བཞག་པ། སྒེར་སེམས་གཡོ་ཟོལ་གྱི་བྱ་སྤྱོད་སྤེལ་བ་ཡིན་ན། སྒྲིག་ཁྲིམས་ལྟར་འགན་འཁྲི་རྗེས་འདེད་བྱེད་པ་དང་། ཉེས་གསོག་གི་དོགས་པ་ཡོད་ཚེ། ཁྲིམས་ལྟར་འབྲེལ་ཡོད་སྡེ་ཁག་ལ་སྤྲད་ནས་ཐག་གཅོད་དགོས་པ་བཅས་གསལ་བོར་བཏོན་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།