རང་ཞིང་གིས་བྲེལ་མྱུར་སྒོས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་སྔོན་གཏོང་བྱས་ནས་ཆུ་ལོག་དང་ཞོད་སྐྱོན་གནོད་འཚེའི་འཕྲལ་བསྟུན་ཉེན་སེལ་རོགས་སྐྱོབ་བྱ་བར་རྒྱབ་སྐྱོར་བྱས།
2024.09.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ9པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེ་ལམ། རང་ཞིང་ལ་གནམ་གཤིས་ཀྱི་ཟིན་ཐོ་ཡོད་པའི་ཚུན་གྱི་ཆར་བ་ཆེས་ཆེན་པོ་བབས་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཆ་མང་པོ་རུ་ཆུ་ལོག་དང་ཆར་ཞོད་ཀྱི་གནོད་འཚེ་བྱུང་། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཧ་ཅང་མཐོང་ཆེན་བྱས་པ་དང་མྱུར་དུ་བྱེད་ཐབས་སྤྱད་དེ། ནོར་སྲིད་པུའུ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལྟར། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་དང་མཉམ་དུ་བྲེལ་མྱུར་སྒོས་གྲོང་ཁྱེར་དང་ཁུལ་བརྒྱད་དང་། རྫོང་དང་གྲོང་ཁྱེར་དང་ཆུའུ་བཅུ་གསུམ་ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེ་གནོད་སྐྱོབ་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་སྔོན་གཏོང་བྱས་ནས། གནོད་ཐེབས་ས་ཁུལ་གྱིས་མི་སྣ་འཚོལ་སྐྱོབ་དང་ཉེན་སེལ་གནོད་སྐྱོབ་སོགས་འཕྲལ་བསྟུན་ཐག་གཅོད་དང་བསྐྱར་བྱུང་གནོད་འཚེའི་ཉེན་ཁར་གྲལ་བཤེར་བྱེད་པ་དང་འཕྲལ་བསྟུན་བཅོས་སྐྱོང་བྱེད་པ་སོགས་ཀྱི་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས་ཏེ། ཚད་ཆེས་ཆེ་བའི་སྒོ་ནས་གནོད་འཚེའི་གྱོང་གུན་དང་གནོད་པ་ཇེ་ཆུང་དུ་བཏང་། དེ་དང་མཉམ་དུ། ས་ཁུལ་སོ་སོས་ཀྲུང་དབྱང་གི་རང་བྱུང་གནོད་འཚེ་གནོད་སྐྱོབ་མ་དངུལ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས་ཀྱི་རེ་བ་ལྟར། ཀྲུང་དབྱང་གི་མ་དངུལ་ལ་དོ་དམ་བཟང་བོ་བྱེད་པ་དང་བཀོལ་སྤྱོད་བཟང་བོ་བྱེད་པ། མ་དངུལ་བཙན་བཟུང་དང་གཞན་བཀོལ་སོགས་ཀྱི་ཁྲིམས་འགལ་སྤྱོད་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། བྱས་འབྲས་དོ་དམ་ལ་ཤུགས་བསྣན་ནས། མ་དངུལ་བཀོལ་སྤྱོད་ཀྱི་ཕན་འབྲས་ཇེ་མཐོར་གཏོང་རྒྱུའི་རེ་བ་བཏོན།

རིན་ཆེན་མཚོས་བསྒྱུར།