ཟླ2པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་《བྱང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་བོའི་ལས་གཞིའི་སུས་འཇོན་དེ་འགུག་དང་དམིགས་འཇུག་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་གཏན་འབེབས་འགའ(ཚོད་ལྟའི་ལག་བསྟར་བྱེད་པ)》པར་འགྲེམས་བྱས་ཏེ། ཕྱོགས་ཡོངས་དང་བརྒྱུད་རིམ་ཡོངས་ནས“བྱང་གསུམ”སོགས་སྐྱེ་ཁམས་གཙོ་བོའི་བཟོ་སྐྲུན་གྱི་སུས་འཇོན་དེ་འགུག་དང་དམིགས་འཇུག་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། སྐྱེ་ཁམས་གཙོ་བོའི་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིར་སྤུས་ཚད་མཐོ་བའི་སྐུལ་འདེད་གཏོང་བར་རོགས་རམ་བྱས་པ་རེད།
《གཏན་འབེབས》ནང་ཁྲིམས་ལྟར་སུས་འཇོན་དེ་འགུག་བྱེད་པའི་གོ་རིམ་ལ་བརྩི་སྲུང་ནན་མོ་བྱས་ནས། ལས་གཞིའི་སྔོན་གྱི་བྱ་བ་མགྱོགས་མྱུར་གྱིས་སྤེལ་མགོ་བརྩམས་ཏེ། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཚད་གཞིའི་ཡིག་ཆ་དང“བྱང་གསུམ”སོགས་སྐྱེ་ཁམས་གཙོ་བོའི་བཟོ་སྐྲུན་ཨར་ལས་དང་། ལྟ་སྐུལ་དོ་དམ་། ཇུས་འགོད་བཅས་ཀྱི་ལས་གཞིའི་སུས་འཇོན་དེ་འགུག་བྱེད་པའི་ཡིག་ཆའི་དཔེ་སྟོན་ཡིག་ཆ་གཞི་འཛིན་སར་བྱས་ཏེ། ལས་གཞིའི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཐོབ་ཐང་དང་གྲུབ་འབྲས་ཀྱི་བླང་བྱ་བཀོད་སྒྲིག་བྱས་ཏེ། སུས་འཇོན་དེ་འགུག་བྱེད་པའི་ཡིག་ཆ་བཟོ་འགོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཞིབ་བཤེར་ལམ་ལུགས་དང་ཐུན་མོང་ཐབས་ཇུས་ལམ་ལུགས་སྤྱད་དེ། གློག་རྡུལ་ཅན་གྱི་ཉོ་ཚོང་དང་། དཔྱད་གཞིའི་ཡིག་རིགས་བསྐྱར་ཞིབ་བྱེད་པ། ཁ་ཆད་ལག་བསྟར་བྱེད་པའི་གླེང་མོལ། ཁས་ལེན་བྱེད་པ། དམིགས་འབེན་གསལ་བོར་བྱེད་པ། འགན་འཁྲིར་ཤུགས་སྣོན་པ། ཡུལ་དངོས་སུ་ལྟ་སྐུལ་དོ་དམ་བྱེད་པ་སོགས་ཀྱི་བྱེད་ཐབས་གཏན་འབེབས་བྱས་ཏེ། སུས་འཇོན་དེ་འགུག་མཁན་བྱེད་མཁན་གྱི་གཙོ་གཟུགས་འགན་འཁྲི་གཙོར་བཟུང་ནས་ཤུགས་སྣོན་བྱེད་དགོས།
《གཏན་འབེབས》ནང་ནགས་ཚལ་དང་རྩྭ་སའི་ལས་གཞིའི་སྡེ་ཚན་དང་སུས་འཇོན་དེ་འགུག་ལས་ཚབ་ལས་ཁུངས་ཀྱིས་ཕྱོགས་གཉིས་ཀྱི་ཁེ་དབང་དང་འོས་འགན་གསལ་བོར་བཟོས་ནས། གན་རྒྱ་ཞིབ་ཕྲ་འཇོག་པ་དང་ཐོ་འགོད་བྱས་ཏེ་ལས་སྒོའི་བརྒྱུད་རིམ་དང་། ཡིག་ཆ་བཟོ་བ། ཞབས་ཞུའི་ལས་ཆོད་སོགས་ཀྱི་ཐད་ནས་སུས་འཇོན་དེ་འགུག་ལས་ཚབ་ལས་ཁུངས་ལ་ཡིད་རྟོན་གདེང་འཇོག་བྱས་ཏེ། སུས་འཇོན་དེ་འགུག་ལས་ཚབ་ལས་ཁུངས་ཀྱི་ཞབས་ཞུའི་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད་པ་རེད། དམིགས་འབེན་དཔྱད་བསྡུར་ཆེད་མཁས་པའི་ཚེ་གང་འགན་འཁུར་ལམ་ལུགས་ལག་བསྟར་བྱེད་པ་དང་། ཆེད་མཁས་པའི་ཡིད་རྟོན་ཡིག་ཚགས་འཛུགས་པ། དྲ་རྒྱའི་རྒྱང་བསྟེན་ས་གནས་གཞན་དུ་དམིགས་འབེན་དཔྱད་བསྡུར་ཁྱབ་གདལ་བཏང་ནས། ཆེད་མཁས་པའི་ཐོན་ཁུངས་མཉམ་སྤྱོད་མངོན་འགྱུར་ཡོང་བ་བཅས་བྱ་དགོས། དམིགས་འབེན་དཔྱད་བསྡུར་བྱ་ཡུལ་གྱི་དོ་དམ་ཚད་ལྡན་དུ་གཏོང་བ་དང་།དམིགས་འབེན་དཔྱད་བསྡུར་བརྒྱུད་རིམ་བཀག་སྡོམ་བྱས་ནས། རྗེས་འདེད་ཆོག་པ་སོགས་ཀྱི་གཏན་འབེབས་ཀྱི་བླང་བྱ་ལྟར་དམིགས་འབེན་དཔྱད་བསྡུར་ཆེད་མཁས་པའི་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བྱེད་དགོས།
《གཏན་འབེབས》ནང་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་གྱིས་དྲང་གཞག་འགྲན་རྩོད་ཞིབ་བཤེར་བྱེད་པ་དང་། དུས་བཀག་ལྟར་ཆེད་དོན་རྩིས་བཤེར་ཞིབ་བཤེར་བྱེད་པ། དམིགས་འགུག་དམིགས་འཇུག་གོ་རིམ། མ་དངུལ་གཏོང་ཡུལ་དང་གན་རྒྱ་ལག་བསྟར་བྱས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཁྲིམས་འགལ་དང་སྒྲིག་འགལ་གྱི་དམིགས་འཇུག་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་དང་། ལྟ་སྐུལ་གྱི་རྣམ་པ་བཟང་པོ་གཏོད་པ། མཐུན་སྦྱོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་བཏོན་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།