ཟླ་གསུམ་པའི་ཚེས་བཅུ་ཉིན།༢༠༢༤-༢༠༢༥ལོའི་ཀྲུང་གོའི་འཁྱགས་དེམ་སྦྲེལ་འགྲན(ཟི་ལིང་འགྲན་ཁུལ)མདོ་བ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞི་རུ་ཡོངས་སུ་མཇུག་རྫོགས། འགྲན་རིམ་བཞིའི་ཛ་དྲག་གི་འགྲན་བསྡུར་ཁྲོད།མཚོ་སྔོན་གྱི་སྐྱེས་པའི་འཁྱགས་དེམ་རུ་ཁག་གིས་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཏེ། དུས་ཚིགས་འདིའི་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ།
ཐེངས་འདིའི་འགྲན་སྡུར་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་དང་། ཀྲུང་གོ་འཁྱགས་དེམ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་སོགས་ཀྱིས་འགན་སྒྲུབ་བྱས།འགྲན་སྡུར་བྱེད་ཡུན་ཉིན་བཅུ་གཅིག་དང་། སྐྱེས་པའི་ཚོགས་པ་དང་། སྐྱེས་མའི་ཚོགས་པ། ཕོ་མོ་གཉིས་ཀ་ལྷན་དུ་སྡེབ་པའི་ཚོགས་པ་གསུམ་ལ་འགྲན་སྡུར༡༠༦རྩ་འཛུགས་བྱས་ཡོད། ཞིང་ཆེན་དང་། ཐད་སྐྱོང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་བཅུ་གཅིག་ནས་འཐུས་ཚབ་རུ་ཁག༤༥དང་། ལུས་རྩལ་པ༡༧༠ལྷག་འགྲན་ཞུགས་བྱས།
མཇུག་མཐར་མཚོ་སྔོན་རུ་ཁག་དང་ཧར་པིན་ལུས་རྩལ་སློབ་གླིང་རུ་ཁག སི་ཁྲོན་རུ་ཁག་བཅས་ཀྱི་སྐྱེས་པའི་རུ་ཁག་གིས་སོ་སོར་སྤྱིའི་ཆ་བསགས་ཀྱི་ཨང་གསུམ་པའི་གྲས་སུ་ཚུད། སི་ཁྲོན་རུ་ཁག་དང་ནང་སོག་རུ་ཁག་དང་པོ། མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭའི་རུ་ཁག་དང་པོ་བཅས་ཀྱི་སྐྱེས་མའི་རུ་ཁག་གིས་སོ་སོར་སྤྱིའི་ཆ་བསགས་ཀྱི་ཨང་གསུམ་པའི་གྲུབ་འབྲས་བླངས། ཧེ་ལུང་ཅང་ཞིང་ཆེན་གྱི་དར་ཐོག་སྦྱོང་བརྡར་ལྟེ་གནས་ཀྱི་རུ་ཁག་བཞི་བ། སི་ཁྲོན་ཞིང་ཆེན་གྱི་རུ་ཁག་གཉིས་པ།སི་ཁྲོན་ཞིང་ཆེན་གྱི་རུ་ཁག་དང་པོ་བཅས་ཀྱིས་མཉམ་སྡེབ་རུ་ཁག་གི་སྤྱིའི་ཆ་བསགས་ཀྱི་ཨང་གསུམ་པ་བླངས།
ཐེངས་འདིའི་འགྲན་སྡུར་ཁྲོད་ད་དུང་“འགྲན་སྡུར་དང་བསྟུན་ནས་ཡུལ་སྐོར་ལ་འགྲོ”སོགས་བྱ་འགུལ་སྤེལ་ཏེ། ལུས་རྩལ་པ་རྩ་འཛུགས་བྱས་ནས་ཀྲུང་གོའི་འཁྱག་དེམ་སྦྲེལ་འགྲན་ཟི་ལིང་ས་ཁུལ་གྱི་འཁྲབ་སྟོན་ལ་བལྟས་པ་དང་། མཚོ་སྔོན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་དང་རིག་གནས་གསར་གཏོད་རྟེན་གཞིར་ལྟ་སྐོར་བྱས་ལ། འགྲན་སྡུར་ལ་རིག་གནས་ཀྱི་མཁའ་དབུགས་བསྐྲུན་ཞིང་། རྨ་ཙོང་ཆུ་བོའི་འབབ་རྒྱུད་ཀྱི་རིག་གནས་ཁྱབ་སྤེལ་བྱས། འགྲན་སྡུར་གྱི་དོན་སྙིང་གཏིང་ཟབ་ལ།ལུས་རྩལ་པར་རྩལ་འགྲན་གར་སྟེགས་བསྐྲུན་ཞིང་། འཁྱག་དེམ་ལུས་རྩལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་མ་ཟད། ལུས་རྩལ་དང་ལས་རིགས་སྣ་མང་གི་གཏིང་ཟབ་པའི་མཉམ་འབྲེལ་ལ་ཡར་སྐུལ་བྱས། དེ་མིན་ད་དུང་མཚོ་སྔོན་གྱི་འཁྱག་རོམ་ཡུལ་ཁམས་གྱི་མཚན་སྙན་དང་སྐད་གྲགས་སྔར་ལས་ཆེ་རུ་རྒྱས་སུ་བཅུག གངས་འཁྱགས་ལུས་རྩལ་གྱི་སྟོབས་ལྡན་ཞིང་ཆེན་དང་མཐོ་སྒང་གི་འཁྱག་དེམ་ལྟེ་བར་སྒུལ་ཤུགས་བསྩལ་ཏེ། འགྲན་སྡུར་གྱི་སྦས་ཤུགས་མངོན་སུམ་གྱིས་ཇེ་ཆེར་བཏང་།
དངོས་སྦྱོང་སློབ་མ་བློ་བཟང་དོན་འགྲུབ་ཀྱིས་བསྒྱུར།