2025ལོར་མཚོ་སྔོན་ཞིང་ཆེན་གྱིས་ཁྱིམ་ཆས་འཛད་སྤྱོད་དངོས་རྫས་གསར་བརྗེ་དང་ཁྱིམ་སྤྲས་གསར་བ་བརྗེ་བའི་ཁ་གསབ་བྱེད་སྒོ་སྤེལ་མགོ་ཚུགས།
2025.03.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ3པའི་ཚེས19ཉིན། 2025ལོར་མཚོ་སྔོན་ཞིང་ཆེན་གྱིས་ཁྱིམ་ཆས་འཛད་སྤྱོད་དངོས་རྫས་གསར་བརྗེ་དང་ཁྱིམ་སྤྲས་གསར་བ་བརྗེ་བའི་ཁ་གསབ་བྱེད་སྒོ་དང་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་དངོས་རྫས་རྙིང་བ་གསར་བརྗེ་ཡི་བྱེད་སྒོ་དང་། དཔྱིད་རླུང་གསར་བ་ཞེས་པའི་རོང་འབྲོག་ཁུལ་གྱི་དམངས་ཕན་བྱེད་སྒོའི་མགོ་ཚུགས་འཛད་སྒོ་ཟི་ལིང་གི་བན་ཅཱ་ཁྱིམ་ཆས་ཚོང་ར་ནས་སྤེལ་བ་དང་། ཐེངས་འདིའི་བྱེད་སྒོ་ནི་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་མཛུབ་ཁྲིད་དང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་གཙོ་བསྒྲུབ་བྱས་པ་དང་། བན་ཅཱ་ཁྱིམ་ཆས་ཚོང་རས་རོགས་སྒྲུབ་བྱས།

ཐེངས་འདིའི་བྱེད་སྒོ་བསྒྲུབ་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་པ་དང་།འཛད་སྤྱོད་པའི་རྙིང་ཚབ་གསར་བརྗེ་ཡི་ཁྱབ་རྒྱ་ཇེ་ཆེ་གཏོང་བར་ཤུགས་སྣོན་པ་དང་། འཛད་སྤྱོད་ལ་སྐུལ་སྤེལ་ཤུགས་ཆེན་བྱེད་པའི་ལག་ལེན་བྱེད་སྒོ་ཇེ་ཆེ་གཏོང་བ་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་དང་ཁྲོམ་རའི་ལམ་སྲོལ་བརྒྱུད་དེ། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འདོན་སྤེལ་དང་། འཛད་སྤྱོད་ཀྱི་གསོན་ཤུགས་སྐུལ་སྤེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་རྒྱུན་མཐུད་འཕར་སྣོན་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།

མགོ་ཚུགས་འཛད་སྒོའི་ཐོག ཞིང་ཆེན་འཛད་སྤྱོད་དང་འཁོར་རྒྱུག་སྐུལ་འདེད་ལྟེ་གནས།  མཚོ་སྔོན་ཞིང་ཆེན་འཛུགས་སྐྲུན་དངུལ་ཁང་གི་ཡན་ལག་དངུལ་ཁང་དང་དྲ་རྒྱའི་དངུལ་རྩའི་འགན་འཁུར་བས2025ལོར་མཚོ་སྔོན་ཞིང་ཆེན་གྱིས་འཛད་སྤྱོད་པའི་ཁྱིམ་ཆས་འཛད་སྤྱོད་དངོས་རྫས་གསར་བརྗེ་བྱེད་པའི་བྱེད་སྒོ་དང་། ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་པས་དཔྱིད་རླུང་གསར་བ་ཞེས་པའི་རོང་འབྲོག་ཁུལ་ཀྱི་དམངས་ཕན་བྱེད་སྒོ་སོ་སོའི་ཐོག2025ལོའི་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཆས་འཛད་སྤྱོད་དངོས་རྫས་གསར་བརྗེ་དང་ཁྱིམ་སྤྲས་གསར་བ་བརྗེ་བའི་ཁ་གསབ་བྱེད་སྒོ་དང་དེ་བཞིན་རེ་ཞུ་བྱེད་པའི་བརྒྱུད་རིམ་ངོ་སྤྲོད་བྱས་ནས་གསལ་འགྲེལ་བྱས། བན་ཅཱ་ཅཱ་པའོ་ཡོན། ཡའེ་ཀྲི་ཧྥིན་མཛེས་རྒྱན་ཁྱིམ་ཆས་དང་ཁྱིམ་སྤྲས་ཁེ་ལས་སོ་སོས་གཏམ་བཤད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཁྱིམ་ཆས་འཛུགས་སྐྲུན་རྒྱུ་ཆ་དང་ཁྱིམ་ཆས་ཁེ་ལས་ཀྱིས་དང་ལེན་ཧུར་ཐག་དང་། ལག་གདང་སྦྲེལ་ནས་མཉམ་སྤེལ། ཁྲིམས་སྲུང་གཉེར་སྐྱོང་བཅས་བྱས་ཏེ་འཛད་སྤྱོད་པར་སྔར་ལས་ཕུན་སུམ་ཚོགས་པའི་སྤུས་ལེགས་ཐོན་རྫས་མཁོ་འདོན་དང་། སྔར་ལས་ཕན་པ་ཡོད་པའི་ཁེ་ཕན་སྤྲོད་པའི་བྱེད་ཐབས།སྔར་ལས་སྟབས་བདེ་བཅས་ཀྱི་ཕན་ནུས་ཆེ་བའི་ཞབས་ཞུ་བྱས་ནས་ཁྱིམ་གྱི་མཛེས་རྒྱན་དང་ཁྱིམ་ཆས་གསར་སྒྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་འཛད་སྤྱོད་རིམ་སྤོར་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།

མགོ་ཚུགས་མཛད་སྒོའི་ཡུལ་དངོས་རུ། ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས་འཛད་སྤྱོད་ཐོན་རྗས་མང་པོ་དུས་མཉམ་དུ་བཏོན་པ་དང་། རྒྱ་ཆེའི་འཛད་སྤྱོད་པའི་སྣ་མང་ཅན་གྱི་འཛད་སྤྱོད་དགོས་མཁོ་སྐོང་ཐུབ། བན་ཅཱ་ཁྱིམ་ཆས་ཚོང་རས་ཀུའུ་ཅཱ་ཁྱིམ་ཆས་དང་མཉམ་འབྲེལ་དགོས་ནོ་པེ་ཨར་སོ་ཕག་དཀར་རྩི་མ་སོགས་ཚོང་རྟགས30ལྷག་གིས་བན་ཅཱ་ཁྱིམ་ཆས་འཛད་སྤྱོད་པས་གསར་བརྗེ་བྱེད་པའི་ཆེད་དོན་བྱ་འགུལ་སྤེལ་བ་དང་། ཚོང་རྫས་ཁག་གཅིག་གི་ཕབ་གཅོག་བྱེད་ཚད་བརྒྱ་ཆའི40ལ་སླེབས།  

ཏིང་འཛིན་མཚོ་མོས་བསྒྱུར།