མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི«སྡེ་ཆེན་རྩེད་རའི»ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་གཉིས་པའི་རྟིང་རྩོད་འགྲན་སྡུར་མཇུགས་རྫོགས་པ།
སྤེལ་དུས།  2011-07-30 16:32:07    རྡེབ་ཚད།     ཡོང་ཁུངས། རང་རེའི་ལས་ཁུངས།

མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི«སྡེ་ཆེན་རྩེད་རའི»ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་གཉིས་པའི་རྟིང་རྩོད་འགྲན་སྡུར་མཇུགས་རྫོགས་པ།

     རང་རེའི་ལས་ཁུངས་ཀྱིས་གཙོ་སྒྲུབ་བྱས་ཤིང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མི་དམངས་སྲིད་གཞུང་དང་མཚོ་ལྷོ་ཁུལ་གཙང་གསུམ་ཉོ་ཚོང་ཚད་ཡོད་འགན་ལེན་ཀུང་ཟི། མཚོ་ལྷོ་ཁུལ་གཙང་གསུམ་མགྲོན་ཁང་བཅས་ཀྱིས་རོགས་སྒྲུབ་བྱས་པའི«སྡེ་ཆེན་རྩེད་རའི»ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་གཉིས་པའི་རྟིང་རྩོད་འགྲན་སྡུར་ཉེ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཀོས་ནན་རྫོང་མཁར་ནས་ཕུན་སུམ་ཚོགས་པའི་ངང་མཇུགས་རྫོགས།
    ཐེངས་འདིའི་འགྲན་སྡུར་ལ་འགྲན་ཁུལ་སོ་སོ་ནས་བདམས་ཐོན་བྱུང་པའི་གླུ་བ་གླུ་མ་སོ་དྲུག་ཞུགས་པ་དང་། ཉིན་གསུམ་རིང་གི་ཛ་དྲག་ཆེ་བའི་འགྲན་སྡུར་བརྒྱུད་ནས་ཨང་དང་པོའི་བྱ་དགའ་གཉིས་དང་ཨང་གཉིས་པའི་བྱ་དགའ་དྲུག ཨང་གསུམ་པའི་བྱ་དགའ་བཅུ་གཉིས། ཕུལ་བྱུང་བྱ་དགའ་བཅུ་དྲུག་བཅས་བདམས་ཐོན་བྱུང་ལ། ཐེངས་འདིའི་འགྲན་སྡུར་ལ་ཞུགས་མཁན་ལོ་ཆེ་ཤོས་ནི་ལོ་ང་ལྔ་དང་ལོ་ཆུང་ཤོས་ནི་ལོ་བཅུ་བདུན་རེད།
འགྲན་སྡུར་ཁྲོད་གླུ་བ་གླུ་མ་རྣམས་ཀྱིས་རང་རང་གི་བློ་གྲོས་རྣོན་པོ་དང་སྐད་ངག་སྙན་མོ་ལྷུག་པོར་ཕྱུང་བས་འབྲེལ་ཡོད་མི་སྣ་དང་དེར་འདུས་ཀྱི་མང་ཚོགས་ཡོངས་ནས་དགའ་བསུ་དང་གདེངས་འཇོག་ཆེན་པོ་ཐོབ་པ་དང་། འདི་ལས་བོད་མི་རིགས་ཀྱི་གཟུགས་འདས་རིག་གནས་ཁྲོད་འོད་དུ་འཚེར་བའི་ལ་གཞས་སམ་རི་གླུ་འདི་ཉིད་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་གཏོང་བར་ནུས་པ་ཆེན་པོ་ཐོན་ཡོད་པར་འདོད།
    འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་ནི། མཚོ་བྱང་གི་གླུ་བ་མགོན་སྐྱབས་ཚེ་རིང་དང་མཚོ་ནུབ་ཀྱི་གླུ་མ་ལྷ་རིས་གཉིས་ཡིན།
    བྱ་དགའ་ཨང་གཉིས་པ་ཐོབ་མཁན་ནི། མཚོ་བྱང་གི་གླུ་བ་ཀླུ་རྒྱལ་དང་མཚོ་བྱང་གི་གླུ་བ་མདའ་བཞིའི་དོ་རིས། རྨ་ལྷོའི་གླུ་བ་སྐལ་བཟང་། མཚོ་ལྷོའི་གླུ་མ་ཕག་མོ་འཚོ། མཚོ་ལྷོའི་གླུ་མ་པད་དཀར་འཚོ། མཚོ་ལྷོའི་གླུ་མ་ལྷ་ཐར་འཚོ་བཅས་ཡིན།
    བྱ་དགའ་ཨང་གསུམ་པ་ཐོབ་མཁན་ནི། རྨ་ལྷོའི་གླུ་བ་ཁྱུང་རྡོ། མཚོ་ལྷོའི་གླུ་བ་སྨོན་ལམ་རྒྱ་མཚོ། མཚོ་ལྷོའི་གླུ་བ་འབྲུག་ཁོ་རྒྱལ། མཚོ་ལྷོའི་གླུ་བ་རྒྱ་ཕྲུག་ཐར། མཚོ་ནུབ་ཀྱི་གླུ་བ་རིག་འཛིན་རྡོ་རྗེ། མཚོ་ལྷོའི་གླུ་བ་གཡང་འབུམ་བཀྲ་ཤིས། མཚོ་ལྷོའི་གླུ་མ་ལྕགས་མོ་བྱམས། མཚོ་བྱང་གི་གླུ་མ་རིག་ལེ། མཚོ་ལྷོའི་གླུ་མ་རྣམ་རྒྱལ་སྒྲོལ་མ། རྨ་ལྷོའི་གླུ་མ་མཁའ་འགྲོ། མཚོ་ལྷོའི་གླུ་མ་བྱམས་སྐྱིད། རྨ་ལྷོའི་གླུ་མ་འབྲུག་མོ་བཅས་སོ།
    ཕུལ་བྱུང་བྱ་དགའ་ཐོབ་མཁན་ནི། རྨ་ལྷོའི་གླུ་བ་ཏིང་འཛིན་སྐྱབས་དང་མཚོ་ལྷོའི་གླུ་བ་ཚེ་ཁོ། མཚོ་ལྷོའི་གླུ་བ་ལྷ་ཆེན་རྒྱལ། མཚོ་བྱང་གི་གླུ་བ་རྐང་ཚའི་དོ་རིས། རྨ་ལྷོའི་གླུ་བ་གཟུངས་འབུམ་རྒྱལ། མཚོ་བྱང་གི་གླུ་བ་བསོད་ནམས་ཚེ་རིང་། མཚོ་ལྷོའི་གླུ་བ་བསོད་ནམས་དབང་ལྡན། རྨ་ལྷོའི་གླུ་བ་གུ་རུ། རྨ་ལྷོའི་གླུ་མ་བསོད་ནམས་སྐྱིད། མཚོ་བྱང་གི་གླུ་མ་ཕུར་མཚོ། མཚོ་ལྷོའི་གླུ་མ་བྱམས་པ་འཚོ། རྨ་ལྷོའི་གླུ་མ་ཀུན་དགའ་འཚོ། རྨ་ལྷོའི་གླུ་མ་ཚེ་རིང་སྐྱིད། རྨ་ལྷོའི་གླུ་མ་ཚེ་རིང་སྒྲོལ་མ། མཚོ་ལྷོའི་གླུ་མ་ལྷ་མོ་ཚེ་རིང་། མཚོ་བྱང་གི་གླུ་མ་ཕག་མོ་བཅས་སོ།
 

IMG_5819.JPG

རང་རེའི་ལས་ཁུངས་ཀྱི་ལེ་ཚན་མགོ་འཛིན་པ་བཀྲ་ཤིས་དོན་གྲུབ་དང་ནོར་བུ་འཚོ་གཉིས་ནས་

རྟིང་རྩོད་འགྲན་སྡུར་གྱི་བྱ་དགའ་སྟེར་བའི་མཛད་སྒོར་མགོ་འཛིན་བྱེད་ཀྱིན་པ།

支持此新闻
返回首页
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2011 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣         青ICP备05002201号-2