མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོའི་བོད་པ་མང་ཚོགས་ཀྱིས་དགའ་སྤྲོ་ངང་བོད་ཀྱི་ལོ་སར་ལ་རོལ།
སྤེལ་དུས།  2012-02-23 11:26:08    རྡེབ་ཚད།     ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།

བོད་ཀྱི་ལོ་སར་ནི་བོད་རིགས་མི་དམངས་ལོ་གཅིག་གི་ནང་དུ་ཆེས་གཟབ་རྒྱས་ཅན་གྱིས་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་ལ། བོད་ཀྱི་ལོ་སར་མ་ཐོན་གོང་དུ། རང་ཞིང་གི་ས་གནས་སོ་སོའི་བོད་པ་མང་ཚོགས་ཀྱིས་རྣམ་པ་མི་འདྲ་བའི་སྒོ་ནས་རང་གི་དུས་ཆེན་ལ་བསུ་མ་དང་རྟེན་འབྲེལ་ཞུས།

སྤྲོ་སྐྱིད་དང་ཤིས་མཐུན་ནི་བོད་ཀྱི་ལོ་སར་ནམ་ཡང་འགྱུར་བ་མེད་པའི་བརྗོད་བྱ་ཡིན་པ་དང་།བོད་ཀྱི་ལོ་སར་ནི་ལུགས་རྙིང་ལོ་སར་དང་འདྲ་བར། དུས་ཆེན་སྐབས་སུ་གཉེན་ཉེ་གྲོགས་པོ་ཕན་ཚུན་ཁྱིམ་སྐོར་འཚམས་འདྲི་བྱེད་དུ་འགྲོ་བ་ཡིན། ཁང་པ་གསར་བ་རུ་སྤར་བའི་མཚོ་བྱང་ཁུལ་ནུབ་མཚོ་གྲོང་རྡལ་གྱི་སྡོད་དམངས་སྒྲོལ་དཀར་སྐྱིད་ཀྱི་ཁྱིམ་དུ་སོང་བ་ན། བཀྲ་ཤིས་པའི་དུས་ཆེན་གྱི་རྣམ་པས་ང་ཚོའི་ཡིད་དབང་བཀུག

སྒྲོལ་དཀར་སྐྱིད་ཁྱིམ་མི་གང་བོར་མཚོན་ན། ད་ལོའི་བོད་ཀྱི་ལོ་སར་ནི་ཁྱད་པར་གྱི་དོན་སྙིང་ལྡན་པ་རེད། ལས་གནས་ཤོར་ནས་ལོ་ངོ་དུ་མ་འགོར་བའི་སྒྲོལ་དཀར་སྐྱིད་ལ་མཚོན་ན། མོའི་ཁྱོ་ག་བྱ་བ་མེད་པ་དང་། འདས་པའི་ལོ་གཅིག་གི་ནང་དུ་ཁྱིམ་མི་གང་པོས་ཁང་ལེབ་རྙིང་བ་གྱན་གཉིས་གླས་ནས་བསྡད་ཡོད། ད་ལྟ་ཁྱིམ་མི་གང་པོར་ན་ནིང་གི་ཟླ་བཅུ་གཉིས་ནང་སྲིད་གཞུང་གིས་གསར་དུ་བགོས་པའི་འགན་སྲུང་སྡོད་ཁང་དུ་བསྡད་ཡོད་པ་རེད།

ཞིམ་མངར་གྱི་འོ་ཇ་དང་ལག་བཟོས་ཟས་རིགས། སྔོ་ཚལ།དེ་མིན་སིལ་ཏོག་སྣ་ཚོགས་ཀྱི་སྡེར་ཁ་སྒྲིག་ཡོད་པ་རེད། སྒྲོལ་དཀར་སྐྱིད་ཁྱིམ་མི་གང་པོས་ཆང་གཞས་བླངས་ཞིང་ཟས་རིགས་སྣ་ཚོགས་ལོངས་སུ་སྤྱད་ནས་རང་སེམས་ཀྱི་དགའ་སྤྲོའི་སྤྲོ་སྣང་དེ་མཚོན་པར་བྱས།

ཧའེ་ཡན་རྫོང་མཚོ་སྔོན་པོ་ཤང་མདའ་བཞི་སྡེ་བའི་གསོ་སྤེལ་ར་བ་རུ། གསོ་སྤེལ་ར་བའི་ལས་བཟོ་བ་དང་ཉེ་འགྲམ་གྱི་མང་ཚོགས་རྣམས་མཉམ་དུ་འཛོམས་ནས་བོད་ཀྱི་ལོ་སར་ལ་རོལ། བོད་རིགས་བུད་མེད་ཀླུ་སྐྱིད་ཀྱིས་སྡེ་བའི་ནང་ནས་བྱ་ཕོ་གསོ་སྤེལ་བྱས་ཏེ་ད་ལྟ་གསོ་སྤེལ་ར་བའི་གཞི་ཁྱོན་ཆ་ཚང་དུ་གྱུར་ཡོད་ལ། ད་ལོའི་ཆུ་ཕོ་འབྲུག་ལོའི་བོད་ཀྱི་ལོ་སར་ལ་མོས་སྡེ་བའི་ནང་གི་ཡུལ་བསྐྱུར་རྒན་པ་དང་བུད་མེད་རྣམས་བོས་ནས་རང་གི་གསོ་སྤེལ་ར་བའི་ནང་དུ་ལོ་སར་གྱི་དུས་སྟོན་ལ་རོལ་བ་རེད།

གུང་ཧོ་རྫོང་ཐང་དཀར་མ་གྲོང་རྡལ་ཀུན་དགའ་སྡེ་བའི་སྡེ་དམངས་དཔལ་ལྡན་ལ་མཚོན་ན། ད་ལོའི་བོད་ཆུ་ཕོ་འབྲུག་ལོའི་ལོ་སར་དེ་ཁྱད་པར་གྱི་དོན་སྙིང་ལྡན། ༢༠༡༡ལོར་ཁོ་ཚང་གི་ཁྱིམ་མི་གང་པོ་ཆབ་ཆ་གྲོང་རྡལ་གྱི་གནས་སྤོ་ཡུལ་མི་བཀོད་སྒྲིག་ས་གནས་སུ་སྤར་ནས་ཆུ་གློག་འཛོམས་པའི་ཐོག་ཁང་དུ་བསྡད་པས་རུ་བ་སྤོ་བའི་འཚོ་བ་དང་ཁ་བྲལ་ནས་གཏན་སྡོད་ཀྱི་འཚོ་བ་གསར་བ་རོལ། གསར་འགོད་པ་དཔལ་ལྡན་ཚང་དུ་ཐོན་པའི་སྐབས་དེར་ཁོའི་ཁྱིམ་མི་གང་པོས་དགུ་ཐུག་བསྐོལ་བཞིན་པའི་སྒང་རེད། གཉེན་ཉེ་གྲོགས་པོ་རྣམས་མཉམ་དུ་འཛོམས་ནས་ཕ་ཡུལ་གྱི་འགྱུར་ལྡོག་གླེང་མོལ་བྱས་ཤིང་། མི་རེ་རེའི་ངོ་ལ་དུས་ཆེན་གྱི་སྤྲོ་སྣང་གིས་ཁེངས་འདུག

ཡུས་ཧྲུའུ་ཁུལ་ཆུ་དམར་ལེབ་རྫོང་དུ། མང་ཚོགས་ཀྱིས་རྩ་འཛུགས་བྱས་པའི་བོད་ཆུ་ཕོ་འབྲུག་ལོའི་ལོ་སར་ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱ་འགུལ་དེ་རྫོང་མཁར་དུ་སྤེལ། འཁྲབ་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་འཚོ་བ་དང་ཉེ་བ། གླུ་གཞས་རེ་རེ་དང་ཞབས་བྲོ་རེ་རེས་ཆུ་དམར་ལེབ་མི་དམངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་དྲིན་གཟོ་དང་དུས་རབས་གསར་བའི་བདེ་སྐྱིད་ཀྱི་འཚོ་བར་དགའ་ཞེན་ཆེ་བ་དེ་མཚོན་ཡོད་པ་རེད།

ལོ་ཙཱ་བ། ལྕགས་མཚོ་ཐར།
 

支持此新闻
返回首页
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
"
པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2011 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣         青ICP备05002201号-2