ཝང་གོ་ཧྲིན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་བསྡུས།
2018.02.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

 ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་གོ་ཧྲིན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབསྤེལ་འགོ་ཁྲིད་ཚན་ཆུང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་བསྡུས། ཁོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཚོགས་འདུ་ཐེངས་གསུམ་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་པའི་རྒྱས་བཤད་གལ་ཆེན་ལག་བསྟར་དངོས་འབེབས་བྱས་ཏེ། དེང་སྐབས་ལ་རྐང་འཛུགས་པ་དང་ཡུན་རིང་པོར་དམིགས་ཏེ། འགོ་རྩོམ་ས་སྔར་ལས་མཐོན་པོ་ནས་ལངས་ཏེ་དཔལ་འབྱོར་ཁྱབ་ཁོངས་སོགས་ཕྱོགས་སོ་སོའི་བཅོས་སྒྱུར་ལ་གཅིག་འདོམས་བཟང་པོ་བྱས་ཏེ། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་གྲུབ་འབྲས་ཁྱད་དུ་འཕགས་པས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་བཞི་བཅུ་འཁོར་བར་བསུ་མ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཅན་ཅུན་དང་། ལིའུ་ཉིང་གཉིས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་སྐབས་བཅུ་དགུ་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟིས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མྱུར་དུ་བསྐྲུན་ནས་རང་འགུལ་གྱིས་རྒྱལ་ཁབ་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་བྱེད་པའི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་ཟིས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མྱུར་དུ་བསྐྲུན་ནས་ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་སྐབས་བཅུ་དགུ་པའི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པའི་སྐོར་གྱི་བསམ་འཆར་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་ལུགས་ཚོད་ལྟའི་ཁྲོད་དུ་རོང་འབྲོག་པའི་ཐོན་སྐྱེད་བདག་གཉེར་རྣམ་པར་འཚོལ་ཞིབ་གསར་གཏོད་གང་ལེགས་བྱེད་པའི་སྐོར་གྱི་ལག་བསྟར་ཇུས་གཞི། རོང་འབྲོག་ཕྱོགས་ཀྱི་ས་ཞིང་དབང་ཆ་དང་འགན་གཙང་ལེན་དབང་ཆ། བདག་གཉེར་དབང་ཆ་བཅས་སོར་བགོས་བྱེད་ཐབས་ཀྱི་ལག་བསྟར་བསམ་འཆར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བ་གཙོ་བོ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་ཉིས་སྟོང་བཅུ་བདུན་ལོའི་བྱ་བའི་སྤྱི་སྡོམ་སྙན་ཞུ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་བྱ་བའི་སྒྲིག་སྲོལ། ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བྱ་བའི་འགན་ཁུར་ལམ་ལུགས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་བྱ་བའི་སྒྲིག་སྲོལ་ཞིབ་མོ་བཅས་ལ་གྲོས་ཞིབ་བྱས་པ་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་།