ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་དམག་དོན་ཚན་རིག་གླིང་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་ཁྲོད་དུ་ཤན་ཤུགས་དྲག་པོ་ཐེབས།

སྤེལ་དུས། 2018-05-18 08:52:54   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

 ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་དོན་ཚན་རིག་གླིང་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་ཁྲོད་དུ་ཤན་ཤུགས་དྲག་པོ་ཐེབས། དཔོན་དམག་རྣམས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དེ་ལག་བསྟར་བྱས་ཏེ། ཚན་རྩལ་དམག་དར་གྱི་འཐབ་ཇུས་མགྱོགས་མྱུར་སྒོས་ལག་བསྟར་བྱེད་པ་དང་། གསར་གཏོད་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ། ཏང་གི་དུས་རབས་གསར་པའི་དམག་སྐྱེད་དམིགས་འབེན་མངོན་འགྱུར་བྱེད་པ་དང་། མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲས་སུ་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཞེས་བསྟན།

ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་དམག་དོན་ཚན་རིག་གླིང་ལས་ཁུངས་སུ་ཕེབས། ཁོང་གིས་དམག་དོན་ཚན་རིག་གླིང་དུ་བྱ་བ་སྒྲུབ་བཞིན་པའི་སྤྱི་ཚོགས་གླིང་དང་ཚན་རིག་གླིང་གི་ཡོན་ཧྲི་དག་ལ་འཚམས་འདྲི་བྱས་པ་དང་། ཁོ་ཚོའི་བྱ་བའི་གནས་ཚུལ་ཞིབ་འདྲི་མཛད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་མོས་དེར་བཞུགས་ཀྱི་ཡོན་ཧྲི་ཉེར་གཉིས་ལ་སེམས་འགུལ་ཟབ་མོ་དང་སྐུལ་མ་ཆེན་པོ་ཐེབས།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དམག་དོན་ཚན་རིག་ཞིབ་འཇུག་ལ་འཚོལ་ཞིབ་རང་བཞིན་ཧ་ཅང་དྲག་པོ་ལྡན་པས། གསར་གཏོད་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པ་དང་། འཐབ་ཇུས་འཆར་འགོད་དང་གོང་རིམ་ཇུས་འགོད་བཟང་པོར་སྒྲུབ་པ། དམག་དོན་གཞུང་ལུགས་གསར་གཏོད་དང་རྒྱལ་སྲུང་ཚན་རྩལ་གསར་གཏོད། དམག་དོན་ཚན་ཞིབ་བྱ་བའི་རྩ་འཛུགས་རྣམ་པ་གསར་གཏོད་བཅས་ལ་ཤུགས་བསྣན་ཏེ། དམག་དོན་ཚན་ཞིབ་གསར་གཏོད་གོང་འཕེལ་ཆེན་པོ་གཏོང་དགོས་ཟེར།

ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་འཛམ་གླིང་གི་དམག་དཔུང་རྩེ་གྲས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམིགས་པ་དང་། དམག་དོན་ཚན་ཞིབ་ཀྱི་ཆོས་ཉིད་ལ་དབྱེ་ཞིབ་ཟབ་མོ་བྱས་ཏེ། གསར་གཏོད་སྐུལ་སྤེལ་གྱི་ནུས་པ་དང་གོ་གནས་མཐོ་ཚད་གསར་པ་ཞིག་ཏུ་སྤར་བ་དང་། དམག་དོན་ཚན་ཞིབ་གསར་གཏོད་ཀྱི་བྱ་བ་རབ་དང་རིམ་པར་བཀོད་སྒྲིག་ཆ་ཚང་བྱས་ལ། དམག་དོན་ཚན་ཞིབ་གསར་གཏོད་བྱ་བར་སྐུལ་འདེད་བཏང་ཡོད།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།