ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཝང་ཅན་ཅུན་གྱིས་ཞིང་ཆེན་དམག་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཐུག་འཕྲད་ཚོགས་འདུའི་སྟེང་ཏང་གི་དུས་རབས་གསར་པའི་སྟོབས་ལྡན་དམག་དཔུང་དམིགས་འབེན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།

སྤེལ་དུས། 2018-06-05 09:31:22   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བཀྲ་ཤིས་འབུམ།

ཟླ་དྲུག་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་། མཚོ་སྔོན་ཞིང་ཆེན་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་ཝང་ཅན་ཅུན་གྱིས་ཞིང་ཆེན་དམག་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཐུག་འཕྲད་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་སྤེལ་བྱེད་པའི་ཐབས་ཇུས་དང་བཀོད་སྒྲིག་རབ་དང་རིམ་པ་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། ཏང་གི་དུས་རབས་གསར་པའི་སྟོབས་ལྡན་དམག་དཔུང་དམིགས་འབེན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཝང་ཅན་ཅུན་གྱིས་ཞིང་ཆེན་དམག་ཁུལ་ཏང་ཨུའི་བྱ་བའི་ཡར་ཞུ་ལ་ཉན་རྗེས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་དམག་ཁུལ་ཏང་ཨུ་ཡིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཐེངས་བཅུ་དགུ་པའི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཤིང་། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་བྱས་པ་དང་། ཏང་གི་གནས་བབ་གསར་བའི་འོག་གི་སྟོབས་ལྡན་དམག་དཔུང་དམིགས་འབེན་མངོན་འགྱུར་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱས་པར་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་དང་དམག་དོན་ཨུ་ཡོན་ལྷན་ཁང་། དམག་དོན་ཨུ་ཡོན་ལྷན་ཁང་རྒྱལ་སྲུང་སྐུལ་སློང་པུའུ། ཞིང་ཆེན་ཏང་ཨུ་བཅས་ཀྱི་རེ་བ་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཏང་གི་བཀོད་འདོམས་ལ་ཉན་པའི་ཐད་ནས་ལངས་ཕྱོགས་བརྟན་པ་དང་བཅོས་སྒྱུར་ཟབ་སྤེལ་ཐད་ནས་ནན་ཏན་སྒོས་བྱ་བ་བསྒྲུབས་པ། རྒྱལ་ཁ་ལེན་ཐུབ་པའི་ཐད་ནས་སྤོབས་པ་ཆེན་པོས་ཁག་ཁུར་བྱེད་པ། ས་གནས་འཛུགས་སྐྲུན་ཐད་ནས་ཞབས་ཕྱི་ངོ་མ་བསྒྲུབས་པ། དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་གཏིང་ཟབ་སྒོས་ལག་བསྟར་བྱས་པས། དམག་དཔུང་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ཐོབ་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་ནི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ནང་དོན་གཙོ་བོ་ཡིན། འདུ་ཤེས་བཞི་བརྟན་པོར་ཆགས་པར་བྱེད་པ་དང་བློ་ཐག་རྦད་ཆོད་སྒོས་ཏང་གི་སྲོག་ཤིང་དང་མི་དམངས་ཀྱི་གཙོ་འཛིན། དམག་དཔུང་གིས་གཅིག་གྱུར་སྒོས་བཀོད་འདོམས་བྱེད་པ་སྲུང་སྐྱོབ་བྱེད་དགོས་ལ། བློ་ཐག་རྦད་ཆོད་སྒོས་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་བྱེད་པ་དང་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀོད་འདོམས་ལ་ཉན་ཏེ། དུས་དང་གནས་ཚུལ་གང་རུང་གི་འོག་ཏུ་ཏང་གི་ལངས་ཕྱོགས་དེ་རང་གི་ལངས་ཕྱོགས་སུ་བརྩི་བ་དང་ཏང་གི་ཁ་ཕྱོགས་དེ་རང་གི་ཁ་ཕྱོགས་སུ་བརྩི་བ། ཏང་གི་འདོད་བློ་དེ་རང་གི་འདོད་བློ་རུ་བརྩིས་ནས་ཆབ་སྲིད་ཐད་ནས་ཡིད་རྟོན་རུང་ཆོག་པའི་ལས་བྱེད་པ་ཞིག་བྱེད་དགོས། ཧུར་ཐག་སྒོས་དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་སོགས་བྱ་བ་གཙོ་བོར་ཞུགས་པ་དང་། མཚོ་སྔོན་ལ་དགའ་ཞིང་མཚོ་སྔོན་འཛུགས་སྐྲུན་བྱེད་པ་དང་མཚོ་སྔོན་ལ་བྱས་རྗེས་འཇོག་དགོས་པར་མ་ཟད། དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་མཚོ་སྔོན་ལ་བདེ་སྐྱིད་སྐྲུན་པ་དང་མཚོ་སྔོན་བརྟན་འཇགས་སུ་གཏོང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ཆུས་ཞིན་ཡུང་གིས་བྱ་བ་ཡར་ཞུ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་དམག་ཁུལ་ཆབ་སྲིད་ཨུ་ཡོན་ཝང་ཞིག་ཧྥུན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚོན་ལི་དང་མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་གཞོན་པ་ངག་དབང་བསོད་ནམས་དང་ལིས་ཞོ་མེན་སོགས་ཐུག་འཕྲད་ཚོགས་འདུར་ཞུགས།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།