ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > གསར་འགྱུར་གལ་ཆེན།

ལིག་ཉིང་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གི་བྱ་བར་རྟོག་ཞིབ་བྱས།

སྤེལ་དུས། 2018-06-08 09:43:44   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་གཞི་རིམ་དུ་སོང་ནས། གནད་དོན་ཐག་གཅོད་དང་བྱ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བརྡ་སྦྱོར་གྱི་བླང་བྱ་ལྟར། ཟླ་དྲུག་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིང་འབྲེལ་འདྲིས་ས་ཁུལ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་དུ་སོང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2018ལོའི་བྱ་བའི་གཙོ་གནད། ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་དམངས་ཚིས་བཟོ་སྐྲུན་སོགས་ལ་དམིགས་ནས་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ལྔ་བཞིའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ནས། ཧུར་ཐག་གིས་དཔལ་འབྱོར་དར་རྒྱས་དང་རིག་གནས་སྔོན་ཐོན། སྐྱེ་ཁམས་དཔལ་ཡོན། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྨ་ལྷོ་གསར་བ་འཛུགས་སྐྲུན་བྱེད་དགོས་ཟེར།

ལིག་ཉིང་སོགས་ཐོག་མར་ཐོ་རྒྱ་གྲོང་རྡལ་སེར་རྒྱ་སྡེ་བ་དང་གཉན་ཐོག་ཞང་སྒོ་དམར་སྡེ་བར་སོང་ནས། གནད་ཕིགས་དབུལ་ཐར་དང་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། གནད་ཕིགས་དབུལ་ཐར་བྱ་བ་སྤེལ་བའི་ཚུན་དུ། སེར་རྒྱ་སྡེ་བ་དང་སྒོ་དམར་སྡེ་བ་གཉིས་ཀྱི་རྣམ་པར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་པ་མཐོང་རྗེས། ལིག་ཉིང་གིས་ནན་གྱིས་བསྟན་དོན། མིག་སྔར་ནི་དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ལེན་པར་འབད་འཐབ་བྱེད་པའི་གནད་འགག་གི་དུས་རིམ་ཡིན་པས། ང་ཚོས་དབུལ་ཐར་མཁྲེགས་གཏོར་གྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། དབུལ་ཐར་རྒྱུ་སྤུས་ཇེ་མཐོར་གཏོང་རྒྱུ་དེ་གོ་གནས་གཙོ་བོར་འཇོག་པ། ས་བབ་དང་བསྟུན་ནས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། མང་ཚོགས་ཡོང་སྒོ་འཕར་སྣོན་བྱེད་པའི་ལམ་བུ་རྒྱ་སྐྱེད་པ། སྤྱི་ཚོགས་ཡོངས་ཀྱིས་དབུལ་སྐྱོར་བྱེད་པའི་མཉམ་ཤུགས་གྲུབ་པར་བྱས་ཏེ། ཧུར་ཐག་གིས་དཀའ་ཁག་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་དགོས་ཟེར།

གླང་རྒྱའི་ཆུ་མཛོད་དང་རོང་བོ་དགུ་ཆུའི་སྐྱེ་ཁམས་བཅོས་སྐྱོང་དང་ལྗོངས་རྒྱུ་ཁུལ་འཛུགས་སྐྲུན་ཡུལ་དངོས་སུ། ལིག་ཉིང་གིས་བཟོ་སྐྲུན་འཛུགས་སྐྲུན་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཆུ་བེད་བཟོ་སྐྲུན་ནི་དམངས་ཚིས་དང་འབྲེལ་བའི་བཟོ་སྐྲུན་གལ་ཆེན་ཡིན་ལ། ས་གནས་ཡུན་རིང་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་བཟོ་སྐྲུན་ཡང་ཡིན་པས། སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པ་དང་། སྤྱི་ཚོགས་ཀྱི་མ་རྩ་ནང་འདྲེན་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། མ་རྩ་མི་འདང་བ་སོགས་ཀྱི་དཀའ་ཁག་ཁྱད་སེལ་བྱས་ནས། ལས་གཞི་བདེ་བླག་ངང་འཛུགས་སྐྲུན་བྱེད་པ་དང་། བཟོ་སྐྲུན་གྱི་རྒྱུ་སྤུས་ལེགས་ཤིང་ཕན་འབྲས་ལྡན་པར་ཁག་ཐེག་བྱེད་པ་དང་། བདེ་འཇགས་ངང་ཆུ་རྒྱས་པའི་དུས་སྐབས་ཕར་སྐྱེལ་བར་ཁག་ཐེག་བྱེད་དགོས་ཟེར།

དེར་མ་ཟད། ལིག་ཉིང་གིས་ད་དུང་ཐོ་རྒྱ་གྲོང་རྡལ་སེར་རྒྱ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཤ་བོ་ཚེ་རིང་དང་། གཉན་ཐོག་ཞང་སྒོ་དམར་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཀླུ་ཐར་དང་ཚེ་རིང་སྐྱིད་ཚང་བཅས་ལ་འཚམས་འདྲི་བྱས། འཚམས་འདྲི་བྱེད་སྐབས། ལིག་ཉིང་གིས་དབུལ་སྐྱོར་མཁྲེགས་གཏོར་གྱི་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་ཐད་ཀྱི་དཔྱད་གཞིའི་ཡིག་རིགས་ལ་བལྟས་པ་མ་ཟད། དབུལ་ཐར་སྲིད་ཇུས་ལག་བསྟར་བྱེད་པ་དང་གནས་པའི་གནད་དོན་སོགས་ཐད་ནས། སྡེ་སྡོད་དབུལ་སྐྱོར་ལས་བྱེད་པ་དང་བཞུགས་མོལ་བྱས།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།