ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > གསར་འགྱུར་གལ་ཆེན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ལྟེ་གནས་ཚན་ཆུང་གིས་ཁོངས་ཡོངས་གནས་སྐོར་འཕེལ་རྒྱས་སུ་གཏོང་བའི་ཆེད་དོན་འཆད་ཁྲིད་སྤེལ།

སྤེལ་དུས། 2018-06-10 09:05:51   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

ཟླ་དྲུག་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་པ་མ་ཟད། ཀྲུང་གོ་གནས་སྐོར་ཞིབ་འཇུག་གླིང་གི་ཡོན་ཀྲང་ཏེ་པིན་གདན་ཞུ་བྱས་ནས་མཚོ་སྔོན་གྱི་ཁོངས་ཡོངས་གནས་སྐོར་གྱི་ནང་དོན་དང་དངོས་ཤུགས་མཐོར་འདེགས་བྱེད་ཅེས་པའི་ཆེད་དོན་འཆད་ཁྲིད་སྤེལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ། ཧྲིན་ཀྲང་གཞོན་པ་ཡཱང་ཧྥིན་ཁྲོན་དང་ཐེན་ཅིན་ཁྲིན་བཅས་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ཚོགས་འདུར་འགོ་འཛིན་བྱས།

ཡོན་ཀྲང་ཏེ་པིན་གྱིས་གནས་སྐོར་ཚོང་རའི་ཆོས་ཉིད་དང་འཕེལ་རྒྱས་སྦས་ཤུགས། གནས་སྐོར་ཐོན་ལས་འཕེལ་རྒྱས། གནས་སྐོར་དམིགས་ཡུལ་འཛུགས་སྐྲུན་སོགས་གནད་དོན་གལ་ཆེན་དང་གནད་འགག་ཐུག་སར་དམིགས་ནས། དཔྱད་གཞིའི་ཡིག་ཆ་ཞིབ་མོ་དང་ནང་དོན་ཕུན་སུམ་ཚོགས་པ། ཆ་འཕྲིན་གསལ་བོ་བཅས་ལ་བརྟེན་ནས་དབྱེ་ཞིབ་གཏིང་ཟབ་དང་འགྲེལ་ཀློག་གསལ་བོ་བྱས་པ་དང་། དེས་མཚོ་སྔོན་གྱིས་ཁོངས་ཡོངས་གནས་སྐོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་མཛུབ་སྟོན་གྱི་ནུས་པ་འདོན་ཐུབ།

ཡན་ཅིན་ཧེ་ཡིས་གཏམ་བཤད་སྐབས་བསྟན་དོན། ཁོངས་ཡོངས་གནས་སྐོར་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྱང་གནས་སྐོར་འཕེལ་རྒྱས་སུ་གཏོང་ཆེད། ཧྲུའུ་ཅི་དང་ཧྲིན་ཀྲང་གཉིས་ཀྱིས་མཉམ་དུ་ཚན་གཙོའི་འགན་ཁུར་བའི་གནས་སྐོར་ལྗང་མདོག་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་དང་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་བཙུགས་པ་མ་ཟད། ཚད་གཞི་མཐོ་བའི་གནས་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་འདུ་བསྡུས་ནས་སྐུལ་འདེད་བཏང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་རིགས་སོ་སོས་སློབ་སྦྱོང་གི་གྲུབ་འབྲས་བྱ་བར་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་བཀོལ་སྤྱོད་བྱེད་པ་དང་། འདུ་ཤེས་གསར་བ་དང་གསར་གཏོད་ཀྱི་སྙིང་སྟོབས། དངོས་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས། བྱ་བའི་རྐྱེན་སྲོལ་ལ་སྔར་ལས་གསར་གཏོད་བྱེད་པ་དང་། དོ་དམ་གྱི་སྒྲིག་གཞི་ལ་མཐུན་སྦྱོར་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་གནས་སྐོར་ལས་རིགས་མཐོར་འདེགས་དང་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་གནས་སྐོར་ཐོན་ལས་རྒྱུ་སྤུས་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་ཟེར།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།