ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཝང་ཅན་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་འཐུས་མི་དང་ལྷན་དུ་བཞུགས་མོལ་བྱས།

སྤེལ་དུས། 2018-06-29 09:42:50   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བན་དེ་སྐྱབས།

 ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་ཚབ་པ་དང་ཕུལ་བྱུང་ཏང་ཡོན་འཐུས་ཚབ་པ། ཕུལ་བྱུང་ཏང་གི་ལས་བཟོ་བའི་འཐུས་མི་བཅས་ཁྱོན་བསྡོམས་མི་ཉི་ཤུ་དང་ལྷན་དུ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཟུར་བརྒྱད་ཚོམས་ཁང་ནས་བཞུགས་མོལ་བྱས་ཏེ། ཏང་བཙུགས་ནས་ལོ་འཁོར་གོ་བདུན་འགོར་བར་རྟེན་འབྲེལ་ཞུས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་གུང་ཁྲན་ཏང་ཡོན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས། ཁོས་ནན་གྱིས་བསྟན་དོན། ཏང་ཡོན་རེ་རེ་ནི་དར་ཆ་རེ་རེ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཏེ། འདུ་ཤེས་བཞི་དང་རང་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་བྱེད་པ། འགན་འཁྲི་ཡིད་ལ་དམ་པོར་འཛིན་པ། དུས་རབས་གསར་བའི་ནང་གི་གུང་ཁྲན་ཏང་ཡོན་ཚད་ལྡན་ཞིག་བྱེད་པ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཚང་མས་མཐུན་སྒྲིལ་དམ་ཟབ་སྒོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་གཏན་འབེབས་བཟོས་པའི་དམིགས་འབེན་རླབས་ཆེན་མངོན་དུ་འགྱུར་བར་འབད་འབུངས་བྱེད་པ་ལ་སྣེ་ཁྲིད་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་དགོས་ཟེར།

ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཟུར་བརྒྱད་ཚོགས་ཁང་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་དང་པོའི་གནས་གཞི་རྙིང་བ་ཡིན་པས། དེས་ཀྲུང་གོ་གུང་ཁྲན་ཏང་གིས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཡོངས་ལ་སྣེ་ཁྲིད་དེ། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལས་དོན་རིམ་པར་སྤེལ་བའི་གཟི་འོད་འབར་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་རླབས་ཆེན་གྱི་གྲུབ་འབྲས་མངོན་པར་མཚོན་ཡོད། ཝང་ཅན་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་ལས་གནས་སོ་སོ་ནས་ཐོན་པའི་ཏང་ཡོན་འཐུས་མི་རྣམས་དང་ལྷན་དུ་བཞུགས་མོལ་དང་བསམ་ཚུལ་བརྗེ་རེས་བྱས་ཏེ། དམར་པོའི་གཞི་རྒྱུ་དར་སྤེལ་དང་དུས་རབས་ཀྱི་དགོངས་དོན་ཚོར་བར་བྱས་ནས། ཏང་གི་སྒྲིག་ཡིག་ལ་སློབ་སྦྱོང་བྱེད་པ་དང་མཛེས་པའི་མ་འོངས་པར་མཉམ་གྲོས་བྱེད་ཞོར་ཏང་གི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས།

ཝང་ཅན་ཅོན་གྱིས་བསམ་ཚུལ་ལ་ཉན་ཞོར་དང་ཟིན་བྲིས་འདེབས་ཞོར་དུ་ཀུན་གྱི་གཏམ་བཤད་ལ་རེ་རེ་བྱས་ནས་དཔྱད་འཇོག་བྱས། ཁོས་བཤད་རྒྱུར། ཏང་ཡོན་རེ་རེའི་གཏམ་བཤད་ལ་བརྩེ་དུང་རྣལ་མས་ཕྱུག་ཅིང་། ཏང་ལ་བཅངས་པའི་བརྩེ་སེམས་ཀྱིས་ཀུན་ནས་བརྒྱན་ཡོད་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བློ་དཀར་གཞུང་དྲང་ཡིན་པའི་དགའ་ཞེན་མངོན་པར་མཚོན་ཡོད་པ་ལས་གཞན། བློ་སེམས་རྩེ་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་རིས་མེད་དུ་མཚོན་ཡོད། དེ་མིན་ད་དུང་ཏང་དང་མི་དམངས་ཀྱི་ལས་དོན་ལ་བཅས་པའི་བརྩེ་བ་རྣལ་མ་མཚོན་ཡོད་པའི་དུས་མཚུངས་སུ། ཏང་ཡོན་ཞིག་ཡིན་པའི་ཐོབ་ཐང་ལ་བདག་གཅེས་གང་ལེགས་བྱེད་ཀྱིན་པ་ཀུན་ནས་མཚོན་ཐུབ་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་གཞི་རྩའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ཀྱང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན། ཏང་ཡོན་རེ་རེས་ངེས་པར་དུ་ཏང་དང་འགོ་ཁྲིད། མེས་རྒྱལ། མི་དམངས་བཅས་ལ་དགའ་ཞེན་བཅངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་དང་ཏང་ཀྲུང་དབྱང་གི་དབང་ཟིལ། ཐུན་མོང་གཅིག་བསྡུས་འགོ་ཁྲིད་བཅས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཏེ། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། ལག་ལེན་བཅས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཐོག་མཐའ་བར་གསུམ་ཀུན་ཏུ་ཏང་གི་བབ་གཙང་རང་བཞིན་དང་སྔོན་ཐོན་རང་བཞིན་འཛུགས་སྐྲུན་ལ་ཤུགས་སྣོན་པར་འབད་འཐབ་བྱས་ནས། བར་མ་ཆད་པའི་སྒོ་ནས་ཏང་གི་རང་ཉིད་གཙང་བཅོས་དང་རང་ཉིད་འཐུས་ཚང་ཅན་དུ་གཏོང་བ། རང་ཉིད་གསར་སྒྱུར་བྱེད་པ། རང་ཉིད་ཀྱི་ནུས་པ་ཇེ་མཐོར་གཏོད་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཚང་མས་ཏང་གི་གསུང་ལ་ཉན་པ་དང་། དུས་རྟག་པར་ཏང་གི་རྗེས་སུ་འབྲངས་པར་མཐུན་སྒྲིལ་སྣེ་ཁྲིད་བྱས་མཐར། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ལས་རིམ་ཁག་གི་ཇུས་ཆོད་བཀོད་སྒྲིག་ལྷག་ལུས་མེད་པའི་སྒོ་ནས་མཚོ་སྔོན་གྱི་ས་གཞིའི་སྟེང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྣམ་པར་རྒྱས་པ་ལ་ཤ་ཐང་གིས་འབད་དགོས་ཟེར།

ཝང་ཅན་ཅོན་གྱིས་དུས་རབས་གསར་བའི་ཏང་ཡོན་གྱི་སྔོན་སྐྱོད་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པར་ཕྱོགས་བཞིའི་ཐད་ནས་བླང་བྱ་བཏོན། གཅིག་ནས་ཏང་ལ་བློ་དཀར་བའི་ཏང་ཡོན་ཞིག་བྱེད་དགོས། གཉིས་ནས་མང་ཚོགས་ཀྱི་ཡིད་རྟོན་རུང་བའི་ཏང་ཡོན་ཞིག་བྱེད་དགོས། གསུམ་ནས་ཁྱིམ་སྲོལ་དར་སྤེལ་གཏོང་ཐུབ་པའི་ཏང་ཡོན་ཞིག་བྱེད་དགོས། བཞི་ནས་རང་ཉིད་འཐུས་ཚང་དུ་གཏོང་ཐུབ་པའི་ཏང་ཡོན་ཞིག་བྱེད་དགོས་ཟེར།

ལིག་ཉིང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས་པ་དང་། ཡུས་ཚུང་ལི་དང་ཝང་ཡུས་ཡན་གཉིས་ཀྱང་གོང་གསལ་བྱ་འགུལ་ལ་ཞུགས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།