ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > གསར་འགྱུར་གལ་ཆེན།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས།

སྤེལ་དུས། 2018-07-01 09:24:11   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ནས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཏང་ཙུའུ་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡོང་དང་ཀྲང་ཧྲིག་ཁྲིན། ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ་ཏུའུ་ཅེ། མཱ་ཧེ་ཡིན་དང་དྲུང་ཡིག་ཆེན་མོ་ཝང་ཅིན་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུའུ་ཞི་ཏུའུ་ཏི་ཀྲི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་ཡི་དགོངས་དོན། ཝང་ཡང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པ་དང་། དུས་རབས་གསར་བར་སྲིད་གྲོས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་དོན་སྙིང་གལ་ཆེན་དང་བྲེལ་མྱུར་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། ཆབ་སྲིད་ལངས་གནས་མཐོར་འདེགས་བྱེད་པ། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། སྲིད་གྲོས་བྱ་བའི་ཐད་ནས་ཐོག་མར་ངེས་པར་དུ་ཏང་འཛུགས་བྱ་བར་དམ་འཛིན་བྱེད་པའི་འདུ་ཤེས་བརྟན་པོ་བཙུགས་ནས། ཏང་གིས་སྲིད་གྲོས་བྱ་བའི་ཐད་ཀྱི་འགོ་ཁྲིད་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཚོགས་ཐོག་ཏུ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། ཀུན་སྤྱོད་འཛུགས་སྐྲུན། སྒྲིག་ལམ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ནས། ཏང་འཛུགས་ཀྱིས་དཔུང་སྡེ་ལ་སྣེ་ཁྲིད་བྱེད་པ་དང་བྱ་བར་སྐུལ་འདེད་གཏོང་བའི་རྣམ་པ་བཟང་བོ་གྲུབ་པར་བྱེད་དགོས། སྲིད་གྲོས་ཀྱི་ཏང་འཛུགས་ཁྱད་ཆོས་འབུར་ཐོན་ཡོང་བར་བྱེད་པ་དང་། ཆབ་སྲིད་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། འགན་འཁྲིའི་རེ་བ་གཏན་ཁེལ་གསལ་བོ་བྱས་ཏེ། སྲིད་གྲོས་ཏང་རྩ་འཛུགས་དང་ཏང་ཡོན་ཨུ་ཡོན་གྱི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྲིད་གྲོས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྲིད་གྲོས་ཏང་ཙུའུ་ཡི་སྲིད་གྲོས་བྱ་བའི་ཁྲོད་ཀྱི་འགོ་ཁྲིད་སྲོག་ཤིང་ནུས་པ་དང་སྲིད་གྲོས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་བཙན་རྫོང་ནུས་པ། སྲིད་གྲོས་རྩ་འཛུགས་ཁྲོད་ཀྱི་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཀྲུང་དབྱང་གི་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག སྲིད་གྲོས་བྱ་བའི་ཐད་ཀྱི་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་། མི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་པའི་རེ་བ་བཏོན།

བྱ་བ་ལག་བསྟར་བཟང་བོ་བྱེད་ཆེད། སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱིས་ལྟ་ཞིབ་ལག་བསྟར་བྱ་བའི་རྐྱེན་སྲོལ་བཙུགས་པ་དང་། ཏང་ཙུའུ་གྲོས་ཚོགས་མ་འཚོག་གོང་དུ། ཐེངས་སྔོན་མའི་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་གྲོས་ཚོགས་སྟེང་གཏན་ཁེལ་བྱས་པའི་བྱ་བ་ལག་བསྟར་བྱས་པའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན།

ཚོགས་ཐོག་ཏུ་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།